དར་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་དགེ་མཚན་ལྡན་པར་བརྟེན་ནས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་།

དབྱངས་ཅན་གྱིས་བསྒྱུར།        2016-09-02

ཉེ་ཆར། སྨྱུག་འཛིན་པས་དར་མདོ་གྲོང་ཁྱེར་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་དོན། གྲོང་ཁྱེར་དེས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་དང་། སྐྱེ་ཁམས་ནུས་ཁུངས་ཐོན་ལས། སྐྱེ་ཁམས་ཞིང་འབྲོག་ཐོན་ལས་བཅས་དམ་འཛིན་བྱེད་ཅིང་ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་འགྱུར་བའི་འཐབ་ཇུས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེས་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་དང་ཉམས་གསོའི་བཟོ་འགོད་སྤེལ་འགོ་བཙུགས་ནས། ཁེ་ལས་ནང་འདྲེན་བྱས་ཏེ་དུས་རིམ་དང་པོའི་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར1.8ཀྱིས་མི་ཉག་མཛེས་ལྗོངས་ས་ཁུལ་གསར་སྐྲུན་བྱེད་པ་དང་།  ཐོན་ཁུངས་རྒྱུ་ནོར་དུ་གྱུར་པ་དང་། འབྲོག་ཁུལ་ལྗོངས་ཁུལ་དུ་གྱུར་པ། འབྲོག་མི་རྐང་འཛིན་ཉོ་མཁན་དུ་འགྱུར་ཐུབ་པར་སྐུལ་འདེད་བཏང་ནས། བརྟན་པོའི་ངང་མི་གྲངས40ལྷག་ལས་ཀར་ཞུགས་ཐུབ་པ་དང་། སྡོད་ཁང་གི་མ་རྩ་དང་ཐོན་ཁུངས་མ་རྐང་དུ་འཇོག་པའི་ཐོབ་ཆ་ཡོང་འབབ་སྒོར་ཁྲི130བགོས་པ་རེད།
དུས་མཚུངས་སུ་གཙོ་གནད་ཆུ་གློག་གསར་སྦོལ་ཐད་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར62.5ལེགས་འགྲུབ་བྱུང་བ་དང་། ཁྲང་ཧའོ་པ་དང་སྤྲེལ་གནས་བྲག་སོགས་ཆུ་གློག་ས་ཚུགས་ཆེ་འབྲིང་གི་འཛུགས་སྐྲུན་ཨར་ལས་སྐུལ་འདེད་གཏོང་གང་ཐུབ་དང་གནས་འགོ་ཆུ་གློག་ས་ཚུགས་ཀྱི་སྔོན་འགྲོའི་ལས་ཀ་མགྱོགས་མྱུར་སྒྲུབ་བཞིན་པ་རེད། མིག་སྔར་སྤྲེལ་གནས་བྲག་གློག་འདོན་ས་ཚུགས་ཀྱི་འཕྲུལ་འཁོར་ཚན་པ་དང་པོས་གློག་འདོན་འགོ་ཚུགས་པ་དང་། སྟོང་ཧྥུ500ལྡན་པའི་གློག་གཏོང་སྐྱེལ་བྱ་རྒྱུའི་ལས་གྲྭའི་ཐད་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར2ལེགས་འགྲུབ་ཡོང་ལ། ཁྲང་ཧའོ་པ་ཆུ་གློག་ས་ཚུགས་ཀྱི་འཕྲུལ་འཁོར་དང་པོ་སྒྲིག་སྦྱོར་བྱས་ཟིན་པ་རེད།
ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི2.1དང་། ནོར་ཟོག་ཚད་ལྡན་ཅན་དུ་གསོ་སྤེལ་བྱེད་ཁུལ1 བོད་ཕག་ཚད་ལྡན་ཅན་དུ་གསོ་སྤེལ་བྱེད་ཁུལ1བཅས་གསར་འཛུགས་བྱས། སྦྲང་བུ་གསོ་མཁན་དཔེ་སྟོན་དུད་ཚང35དང་ཞིང་པའི་ཆེད་ལས་མཉམ་ལས་ཁང268གསོ་སྐྱོང་བྱས་པ་དང་གསར་དུ་སྣོན་པའི་དུད་ཚང31ཡོད། ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི5800མངོན་འགྱུར་བྱུང་ལ་སྨན་རྩྭ་འདེབས་འཛུགས་བྱེད་ཁྱོན་མུའུ1300གསར་སྣོན་བྱས་ནས་ཐོན་རྫས་རིན་ཐང་སྒོར་ཁྲི4600མངོན་འགྱུར་བྱུང་བ་རེད།།       
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་དུ་དམར་དམག་བརྒྱུད་མྱོང་བའི་ས་གནས་ཡིན་ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་དང་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།