ལིའུ་ཁྲེང་མིང་གིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》ཡོངས་བསྒྲགས་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་ཀར་སྐུལ་སྤེལ་གཏོང་བའི་གྲོས་ཚོགས་སུ་གསུངས་བཤད་གནང་།

ཡེ་མིང་གིས་བསྒྱུར།        2016-09-08

སྤྱི་ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར།རང་ཁུལ་གྱིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》ཡོངས་བསྒྲགས་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་ཀར་སྐུལ་སྤེལ་གཏོང་བའི་གྲོས་ཚོགས་འཚོགས་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་སྤྱི་ཟླ8པའི་ཚེས1ཉིན་ཡོངས་བསྒྲགས་བྱས་ནས་ལག་ལེན་བསྟར་བའི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》ལག་ལེན་དོན་འཁྱོལ་བྱ་རྒྱུ་དང་།ཁུལ་ཡོངས་ཀྱི་ཚན་པ་གསུམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཚན་ལ་གཟེངས་བསྟོད་བྱ་རྒྱུ།དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱས་པའི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་ལས་ཀ་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་གིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》འཆར་ཟིན་འགོད་སྟངས་སྐོར་གསལ་བཤད་གནང་བ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན།  དུས་ཡུན་རིང་པོའི་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནན་ཏན་གྱིས་ཏང་གི་མི་རིགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་འདི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་བརྩིས་ནས་འཆར་འགོད་དང་དོན་འཁྱོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།  རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བྱེད་སྒོ་སྤེལ་ནས་ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་བཟང་གསོ་སྐྱོང་བྱས་པར་བརྟེན། མི་རིགས་སོ་སོའི་མི་དམངས་ཚོས་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་སློབ་སྦྱོང་།ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བྱས་པའི་དར་སྲོལ་ཡག་པོ་ཆགས་ནས་སྤྱི་ཚོགས་ཡར་ཐོན་དང་བརྟན་བརླིང་ཁྲོད་དུ་གལ་ཆེ་བའི་ནུས་པ་ཐོན་པ་རེད། མིག་སྔར། ཁུལ་ཡོངས་སུ་སྔོན་ཐོན་མི་སྒེར་ཁྱོན་བསྡོམས་མི300དང་སྔོན་ཐོན་ཐུན་མོང་ཁྱོན་བསྡོམས103   དཔེ་བཟང་གི་ཐུན་མོང163ལ་གཟེངས་བསྟོད་བྱས་ཡོད།  2014ལོ་ནས་ད་ལྟའི་བར་དུ་འཛུགས་སྐྐྱོང་བྱས་པའི་བྱེད་སྒོའི་ནང་ཚན་ཚན་པ་གསུམ་གྱི་སྔོན་ཐོན་སྡེ་ཚན655ལ་མིང་བཏགས་བཀོད་ཡོད།  གཟེངས་བསྟོད་ཐོབ་མཁན་གྱི་སྡེ་ཚན་དང་མི་སྒེར་གྱིས་མུ་མཐུད་ནས་སྔོན་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།
ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》འདི་ལག་ལེན་བསྟར་བའི་གོ་སྐབས་དང་བསྟུན་ནས་ཁྲིམས་ལུགས་ཁྱབ་ཁོངས་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རང་སྐྱོང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བྱེད་སྒོ་ལ་སྐུལ་འདེད་གཏང་དགོས།  རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་བོད་ཁུལ་དུ་བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་བཅས་ཀྱི་དོན་ཆེན་དང་འབྲེལ་བ་ཡོད་པར་བརྟེན། ཁུལ་ཡོངས་སུ《སྲོལ་ཡིག》གི་སྙིང་དོན་དྲིལ་བསྒྲགས་དང་ལག་ལེན་དོན་འཁྱོལ་བྱེད་པའི་ཚ་རླབས་གསར་པ་འཕྱུར་དུ་འཇུག་དགོས།། 
  • ལེ་ཚན་སྔོན་མ།:ཁུལ་ས་གནས་དཔྱ་ཁྲལ་ཅུས་ཀྱིས་སྦྱོང་ཞོར་དང་བཅོས་ཞོར་གྱིས་སློབ་སྦྱོང་གི་གྲུབ་འབྲས་ཟབ་ཏུ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞི་ཕྱིར་འཐེན་བྱེད་པའི་དོ་དམ་བྱེད་ཐབས་བཏོ
  • དོ་སྣང་ཆེ་བའི་རྩོམ།