གསེར་ཐར་རྫོང་གིས་ལས་སྒོ་གསོ་སྦྱོང་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཏང་།
དངོས་གྲུབ་སྒྲོལ་མས་བསྒྱུར། 2016-08-26
ཉེ་ཆར། གསེར་ཐར་རྫོང་གིས2016ལོའི་ཐེངས་གཉིས་པའི་ཡུལ་སྐོར་ལས་གཉེར་མི་སྣའི་གསོ་སྐྱོང་སྦྱོང་བརྡར་བྱས་ཤིང་། ཁྲེང་ཏུའུ་མཐོ་རིམ་འཁེལ་འཐག་ཆེད་སྦྱོང་སློབ་གྲྭ་དང་སི་ཁྲོན་དགེ་འོས་སློབ་ཆེན་གྱི་ཡུལ་སྐོར་སློབ་གླིང་། སི་ཁྲོན་གྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ནས་འོངས་པའི་ཆེད་རམས་པ་དང་དགེ་རྒན་ཆེན་མོ10ཡིས་སྲིད་ཇུས་དང་འདུ་ཤེས། ལག་རྩལ། དོ་དམ། ཚོང་གཉེར་སོགས་ཕྱོགས་མང་པོའི་ཐད་ནས་རྫོང་དང་ཤང་རིམ་པ་གཉིས་ཀྱི་ཡུལ་སྐོར་དང་འབྲེལ་བའི་ལས་ཁུངས་དང་ཁེ་ལས་སོ་སོ་དང་། སྐྱེལ་འདྲེན་བྱེད་མཁན་ཁ་ལོ་བ། ལས་སྒུག་ན་གཞོན་སོགས་མི་སྣ400ལྷག་ལ་ཆེད་དོན་གསོ་སྦྱོང་བྱས་པ་རེད།
ཨ་ལྕེ་ལི་ལགས་ལོ་བཞིའི་སྔོན་ལ་ཁྲེང་ཏུའུ་ནས་ནས་གསེར་ཐར་དུ་འོངས་ནས་ཟ་ཁང་ཞིག་བཙུགས་པ་རེད། ཁོ་མོས་གསར་འགོད་པར་རང་ཉིད་ལ་རིག་གནས་མེད་པར་མ་ཟད་ཆེད་ལས་ཤེས་བྱ་ནི་དེ་བས་མེད་པ་རེད། ཉེ་བའི་ལོ་ཤས་རིང་རྫོང་ནང་གི་རིན་པ་མི་དགོས་པའི་གསོ་སྦྱོང་བྱེད་སྒོ་ཐེངས་མང་ནང་ཞུགས་པས།ང་རང་གི་བསམ་བློ་དང་ལག་རྩལ། ཚོང་གཉེར་བྱེད་སྟངས་ཐད་ལ་འགྱུར་ལྡོག་ཐེབས་པས་ད་ལྟར་ཚོང་ཁང་ནང་གི་ཚོང་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཅེས་བཤད།
གསར་འགོད་པས་རྫོང་དེའི་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ6པའི་ཟླ་མཇུག་དུ་རྫོང་དེས་ཡུལ་སྐོར་བ་མི་གྲངས་ཁྲི9.2སྣེ་ལེན་བྱས་ཤིང་། ཕྱོགས་བསྡུས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི9108མངོན་འགྱུར་བྱུང་སྟེ་ན་ནིང་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ4.6འཕར་ཡོད། 2016ལོའི་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བའི་འཆར་གཞི་ལྟར།ད་ལོར་རྫོང་དེས་འཁོར་གཏོང་རླངས་འཁོར་སྒར་ས་གཉིས་དང་ལམ་རྒྱུད་ཡུལ་ལྗོངས་ལ་ལྟ་ས་གཉིས། ཡུལ་སྐོར་གསང་སྤྱོད་ཁང5 ཡུལ་སྐོར་མཚོན་རྟགས་བྱང་བུ10བཅས་གསར་སྐྲུན་བྱ་རྒྱུ་དང་སྦྲགས། གསེར་ཐར་རྩྭ་ཐང་དབལ་ཤུལ་སྦྲ་ནག་གྲོང་སྡེའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་འགོ་འཛུགས་རྒྱུ་རེད།།