རང་ཁུལ་གྱིས་ཐོན་ལས་ལ་བརྟེན་ནས་ཕྱུག་པོར་ཆགས་ཐབས་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།
ཡེ་མིང་གིས་བསྒྱུར། 2016-08-23
2013ལོའི་སྤྱི་ཟླ8པའི་ཚེས3ཉིན།ཉག་ཆུ་རྫོང་ལ་ཀྲུང་གོའི་བཟའ་བྱའི་ཤ་མོང་མཐུན་ཚོགས་ཀྱིས་ཀྲུང་གོའི་བེ་ཤིང་ཤ་མོ་ཡི་ཆོལ་ཁ་ཞེས་མཚན་སྙན་གནང་བ་རེད།ཁུལ་ཡོངས་སུ་ཐོན་ལས་ལ་བརྟེན་ནས་ཕྱུག་པོར་ཆགས་པའི་གནས་ཚུལ་འོག ཉག་ཆུ་རྫོང་གིས་ཁེ་ལས་ནང་འདྲེན་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར1.6གཏོང་འཇོག་བྱས་ནས་སྤྱི་གཉེར་ཁང་དང་རྟེན་གཞི།ཞིང་པའི་དུད་ཚང་བཅས་མཉམ་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ་བེ་ཤིང་ཤ་མོ་ཡིས་གཙོ་བོ་བྱས་པའི་བཟའ་བྱའི་ཤ་མོ་རིགས་ཀྱི་ཐོན་ལས་ལྡུམ་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་རེད། མིག་སྔར།ཉག་ཆུ་རྫོང་གི་ལོ་རེའི་ཤ་མོ་ཐོན་ཚད་ཏུན1500ལ་ཟིན་པས་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར3000ཡན་ཆད་ལ་ཟིན་པ་རེད།
ད་ལོ་ནས་བཟུང་རང་ཁུལ་གྱིས་ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཆགས་རྒྱུའི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་ཧུར་ཐག་གིས་དཔལ་འབྱོར་ར་སྐོར་གཅིག་དང་དར་ཁུལ་གཅིག བརྒྱུད་ལམ་གཅིག་བཀོད་སྒྲིག་བྱས་ཏེ་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བར་བརྟེན། མཐོ་སྒང་གི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་རེད།
ཁྱད་འཕགས་ཀྱི་ཐོན་ལས་བཀོད་སྒྲིག་བྱེད་སྐབས།རང་ཁུལ་གྱི་ཤར་རྒྱུད་ས་ཁུལ་གྱི་གངས་དཀར་རི་བོའི་སྐོར་ལམ་བརྒྱུད་ཡུལ་དུ་དེང་རབས་ཞིང་ལས་ཀྱི་དཔལ་འབྱོར་ར་སྐོར་ནང་གཙོ་གནད་དུ་སྔོ་ཚལ་དང་།བཟའ་བྱའི་ཤ་མོ། ཁྱད་འཕགས་ཀྱི་ཤིང་ཏོག(ཆང་སྙོལ་གྱི་རྒྱུ་ཆ་རྒུན་འབྲུམ།) རྒྱ་བོད་སྨན་རྩྭ། ཕག་དང་གནག་ཕྱུགས།ར་དང་ཁྱིམ་བྱ་ལ་སོགས་པའི་ཁྱད་ཆོས་ཡོད་པའི་ཐོན་ལས་གསོ་སྐྱོང་བྱས། བྱང་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཀྱི་ཁྱད་ཆོས་ཡོད་པའི་ཞིང་ལས་ཐོན་ལས་དར་ཁུལ་ལ་གཙོ་གནད་དུ་ནས་ནག་དང་ཞོག་ཁོག ཡུངས་དཀར། རྒྱ་བོད་སྨན་རྩྭ། གནག་ཕྱུགས། བོད་ར། སྤུས་དག་གི་གཟན་རྩྭ་སོགས་ཀྱི་ཐོན་ལས་གསོ་སྐྱོང་བྱས་པ་རེད།ལྷོ་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ཡོད་པའི་ཞིང་ལས་རྒྱུད་ལམ་ནང་གཙོ་གནད་དུ་ནས་དང་ཞོག་ཁོག མ་རྨོས་ལོ་ཏོག ཡུངས་དཀར།ཁྱད་འཕགས་ཀྱི་ཤིང་ཏོག(ཆང་སྙོལ་གྱི་རྒྱུ་ཆ་རྒུན་འབྲུམ།)གནག་ཕྱུགས། བོད་ར་དང་བོད་ཕག བོད་བྱ།སྤུས་དག་གི་གཟན་རྩྭ་སོགས་ཁྱད་ཆོས་ཡོད་པའི་ཐོན་ལས་གསོ་སྐྱོང་བྱས་པར་བརྟེན།རང་ཁུལ་གྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་བཀོད་སྒྲིག་བྱེད་སྟངས་དེ་བས་ཚུལ་མཐུན་ཅན་གྱི་ཕྱོགས་སུ་འགྲོ་གང་ཐུབ་བྱེད་བཞིན་ཡོད་པ་རེད།
མིག་སྔའི་བར་དུ།ཁུལ་ཡོངས་སུ་ཁྱད་ཆོས་ཡོད་པའི་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་མུའུ་ཁྲི47.1གི་ནང་ནས་ཤིང་ཏོག་གི་རྟེན་གཞི་མུའུ་ཁྲི9.62དང་སྔོ་ཚལ་གྱི་རྟེན་གཞི་མུའུ་ཁྲི14.5 ཡུངས་དཀར་གྱི་རྟེན་གཞི་མུའུ་ཁྲི10 ནས་ནག་གི་རྟེན་གཞི་མུའུ་ཁྲི5 ཞོག་ཁོག་གི་རྟེན་གཞི་མུའུ་ཁྲི3 རྒྱ་བོད་སྨན་རྩྭའི་རྟེན་གཞི་མུའུ་ཁྲི4.55 བཟའ་བྱའི་ཤ་མོའི་རྟེན་གཞི་མུའུ་ཁྲི 0.47ཡོད་པ་དེ་དག་གི་ཐོན་ཚད་རིན་ཐང་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར20ཡན་ཆད་ལ་ཟིན་རྒྱུ་རེད། མིག་སྔར།ཁུལ་ཡོངས་སུ་ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་ཐོ་འགོད་བྱས་ནས་ལག་ཁྱེར་གཏན་འཁེལ་བྱས་པའི་ཐོན་རྫས་སྣ་ཁ155ཡི་ནང་ནས་སྤྱིར་གནོད་པ་མེད་པའི་ཞིང་འབྲོག་ལས་ཀྱི་ཐོན་རྫས་སྣ་ཁ116དང་།ལྷད་མེད་བཟའ་བཅའ་སྣ་ཁ6 སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་སྣ་ཁ་17 ཞིང་ལས་ཐོན་རྫས་ལ་ས་བབ་མཚོན་རྟགས16བཅས་ཡོད་པ་རེད།རྫོང་ཁག15ལ་སྤྱིར་གནོད་པ་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞིའི་ལག་ཁྱེར་གཏན་འཁེལ་བྱས་པའི་རྒྱ་ཁྱོན་མུའུ་ཁྲི109ལ་ཟིན་པ་རེད།།