སྤྱི་ཟླ༨པའི་ཚེས༥ཉིན། གསར་འགོད་པས་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་དོན། ཁམས་ཁུལ་གྱི་ཕ་སྐད་རྩོམ་པོ་པོའི་བརྩམས་ཆོས་གཅེས་བཏུས་དེབ་གཉིས་པ་དེ་དངོས་སུ་པར་སྐྲུན་བྱས་པ་རེད།
ཐེངས་འདིར་པར་སྐྲུན་བྱས་པའི་ཕ་སྐད་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས་འདི་ནི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་ཐུགས་ཁུར་འོག་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་ལས་ཀ་སྒྲུབ་འགན་འཁུར་བ་དང་། སི་ཁྲོན་གློག་རྡུལ་འཕྲིན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་པར་སྐྲུན་བྱས་པ་རེད།
བརྩམས་ཆོས་གཅེས་བཏུས་འདིའི་ནང་དཀར་མཛེས་ཁུལ་དང་། བོད་ལྗོངས་ཀྱི་ཆབ་མདོ། ཡུན་ནན་གྱི་བདེ་ཆེན་བཅས་ཀྱི་རྩོམ་པ་པོ༤༤ཡིས་གསར་རྩོམ་བྱས་པའི་སྒྲུང་གཏམ་དང་སྙན་རྩོམ། ལྷུག་རྩོམ་བཅས་འདུས་པ་རེད། རྩོམ་པ་པོ་འདི་དག་གི་ནང་མི་སྐྱ་ཕོ་མོ་ཡོད་ལ་གྲྭ་པ་བླ་མའང་ཡོད།
བརྩམས་ཆོས་གཅེས་བཏུས་འདི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་ལེགས་སྐྱེས་ཀྱི་ཚུལ་དུ་ཐེངས་དང་པོར་འགྲེམས་སྤེལ་བྱ་རྒྱུ་རེད།