སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

        2016-08-01

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

སྤྱི་ཟླ༧པའི་ཚེས༣༠ཉིན་ལ་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་གནས་མཆོག་དཀར་མཛེས་བྱང་སྡེ་ཉི་མ་རྫ་ཆུ་ཁ་ཞེས་པའི་སྤྱི་ལོ༢༠༡༦ལོའི་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་རྟ་མཆོག་གི་མགྱོགས་པའི་བང་གཤིབ་པའི་འགྲན་བསྡུར་གྱི་བྱེད་སྒོ་དེ་རྫ་ཆུ་ཁའི་རྩྭ་ཐང་ནས་དངོས་སུ་སྤེལ་བ་རེད། 

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

རྒྱུས་ལོན་བྱུང་བ་ལྟར་ན་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་འདི་ནི་བགྲང་བྱ་ཉི་ཤུའི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ནས་བྱང་སྡེ་ཉི་མ་རྫ་ཆུ་ཁ་པའི་གཤིས་བཟང་གཞུང་དྲང་གི་འབྲོག་མི་རེ་རེའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་དང་ལོ་རེའི་སྤྲོ་སྐྱིད་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

འབྲོག་མི་དག་གིས་བགྲང་བྱ་ཉི་ཤུའི་བཞུད་ལམ་ཁྲོད་ནས་རྟ་མཆོག་གི་མགྱོགས་པའི་བང་དང་གོམ་པའི་འགྲོས་གཤིབ་པའི་རྟ་ཐོག་གི་འཚོ་བའི་སྒྱུ་རྩལ་རེ་རེས་མི་སེམས་གང་མང་ལ་བདེ་སྐྱིད་ཀྱི་དཔལ་སྟེར་མྱོང་ཡོད་ཨང་།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

ད་ལོ་ནི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡན་ལག་འདུ་འཛོམས་ཏེ་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་ཞེས་པ་སེར་ཤུལ་རྫོང་དུ་འཚོགས་ཡོད་པ་དང་། སྔོན་གྱི་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་འདི་ཉིད་གཞི་ཁྱོན་ཆེ་རུ་བཏང་སྟེ་འདུ་འཛོམས་འདི་ཡི་ལེ་ཚན་ཞིག་ཏུ་བཞག་པས་རྩྭ་ཐང་གི་རྟ་རྒྱུག་འགྲན་ཚོགས་འདི་ལ་སྔར་བྱུང་མ་མྱོང་བའི་རྣམ་པ་ཕུན་སུམ་ཚོགས་ཤིང་འཐུས་སྒོ་ཇེ་ཚང་དུ་གྱུར་ཡོད་པ་རེད།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

ཐེངས་འདིའི་རྩ་འཛུགས་ལས་ཁུངས་དག་གིས་དྲང་བདེན་དང་འདྲ་མཉམ་གྱི་དམིགས་ཡུལ་གཙོ་བོར་བཟུང་ནས་ཐེངས་འདིའི་འགྲན་བསྡུར་དུ་ཐོ་འགོད་པའི་རྒྱུག་རྟ་བཞི་བརྒྱ་ཙམ་ལ་ཐེངས་གང་མང་ལ་ཞིབ་བཤེར་བརྒྱུད་ནས་བྱང་རྒྱུག་དང་རྒྱུག་ཆུང་སོགས་བདམས་བསལ་གྱིས་འགྲན་བསྡུར་ཐེངས་བཅུ་སྤེལ་རྗེས་མཇུག་མཐར་བོད་རྟ་ཁོ་ནའི་འགྲན་ཞུགས་རྟ་མཆོག༨༠ཐམ་པ་དངོས་སུ་ཐེངས་འདིའི་མགྱོགས་པའི་བང་ཁ་གཤིབ་པའི་མཇུག་འགྲན་དུ་ཞུགས་ཆོག་པ་ཡོད་པ་རེད།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།

མཇུག་མཐར་སྤྱི་ལེ༧.༢གཉིས་ཀྱི་ལམ་ཐག་གི་ས་རུ་རྟ་མཆོག་དག་གིས་མགྱོགས་པའི་བང་ཁ་གཤིབས་པས་སེར་ཤུལ་རང་རྫོང་གི་ཨ་རིག་རྫ་ཡུལ་ཤོག་གི་རྟ་མཆོག་འགྲན་ཞུགས་ཨང་རྟགས༧༧པར་ཐེངས་འདིའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་མཇུག་འགྲན་ལས་ཨང་དང་པོ་ཐོབ་ཡོད་ཅིང་།  འབུམ་རྙིང་ཡུལ་ཤོག་གི་འགྲན་ཞུགས་རྟ་མཆོག་ཨང་རྟགས༣༡པ་ལ་ཐེངས་འདིའི་མཇུག་འགྲན་ལས་ཨང་གཉིས་པ་ཐོབ་པ་དང་། ཁྲོམ་གཟའ་འགབ་མ་ཤང་གི་འགྲན་ཞུགས་རྟ་མཆོག་ཨང་རྟགས༢༨པ་ལ་ཐེངས་འདིའི་མཇུག་འགྲན་ལས་ཨང་གསུམ་པའི་བྱ་དགའ་བཅས་ཐོབ་ཡོད་པ་རེད།  

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལས་རྟ་མཆོག་གི་བང་ཁ་གཤིབས་པ།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་ཀྲུང་དབྱང་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རིག་མཛོད་སི་ཁྲོན་དུ་བཙུགས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ཨུའི༼ རྒྱས་འཛོམས༽ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།