དབྱངས་ཅན་གྱིས་བསྒྱུར། 2016-07-19
ཟླ་བ7པའི་ཚེས7ནས་ཚེས9ཉིན་གྱི་བར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བོད་པའི་སྲོལ་རྒྱུན་རྒྱན་གོས་འཁྲབ་སྟོན་འགྲན་བསྡུར་ཆེན་མོ་དེ་མཚོ་སྔོན་མགོ་ལོག་གི་གཅིག་སྒྲིལ་རྫོང་དུ་སྤེལ་བ་རེད།ཐེངས་འདིའི་ཡུལ་སྐོར་གྱི་བྱེད་སྒོ་རབ་རིམ་སྤེལ་བར་བརྒྱུད་ཞིང་ཆེན་ཕྱི་ནང་གི་པར་རྒྱག་མཁས་ཅན་དང་ཞིང་ཆེན་ལྔའི་བོད་ཁུལ་གྱི་བོད་པའི་རྒྱན་གོས་ཀྱི་གདན་རབས་པ་མི་བརྒྱ་ལྷག་གི་ཡིད་དབང་འཕྲོག་པ་རེད།
རང་ཁུལ་གྱི་འགྲེམ་སྟོན་རུ་ཁག་གདན་ཞུས་ལྟར་ཐེངས་འདིའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་བོད་པའི་སྲོལ་རྒྱུན་རྒྱན་གོས་འཁྲབ་སྟོན་འགྲན་བསྡུར་ནང་ཞུགས་ཤིང་། ཛ་དྲག་ཆེ་བའི་ཐོག་མའི་འགྲན་བསྡུར་དང་། བསྐྱར་འགྲན། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བཅས་བརྒྱུད་དེ། རོང་བྲག་ནས་འོངས་པའི་དཔལ་ལྡན་དབང་ཕྱུག་ལ་ཨང་ལྔ་པའི་བྱ་དགའ་ཐོབ་པ་རེད། འགྲན་བསྡུར་བྱ་ཡུལ་དུ་རོང་བྲག་ནས་ཡོང་བའི་འགྲན་ཞུགས་འོས་མི་བཞི་ཡིས་རྒྱལ་རོང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རྒྱན་གོས་དང་རིག་གནས་གི་སྒེག་ཉམས་རབ་ཏུ་ངོམས་པ་རེད། མཇུག་འགྲིལ་མཛད་སྒོའི་ཐོག 《དུས་བཞིའི་མེ་ཏོག》ཅེས་པའི་སྙན་འཇེབས་ལྡན་པའི་གླུ་དབྱངས་ལ་གཟིགས་མོ་བ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་སྒྲ་བརྡེགས་པ་དང་། བྱེད་སྒོ་དེར་བརྒྱུད་ནས་ཀྲུང་གོའི་ཆེས་མཛེས་སྡུག་གི་གྲོང་སྡེ་སྟེ་རོང་བྲག་གི་མཚན་སྙན་གྲགས་ཞིང་ཆེན་ལྔའི་བོད་ཁུལ་ཡོངས་ལ་ཁྱབ་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10