ཉག་ཆུ་རྫོང་གིས་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་ལས་ཀ་སྤེལ་གང་ཐུབ་བྱས།

        2016-06-20

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ཤར་ལ་ཉེ་སྐབས། ཉག་ཆུ་རྫོང་གི་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོའི་རྩ་འཛུགས་གྲ་སྒྲིག་ལས་ཀ་དེ་མཇུག་མཐའི་དུས་རིམ་དུ་སླེབས་པ་རེད།    བསྟུད་མ་ཉིན་ཤས་རིང་ཉག་ཆུ་རྫོང་གིས་རྩོམ་སྒྲིག་འཁྲབ་ཁྲིད་པ་གདན་འདྲེན་ཞུས་ཏེ་འཁྲབ་སྟོན་ལེ་ཚན་ནང་སྦྱོང་བྱས་པ་དང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནང་ཞུགས་པའི་ལེ་ཚན་གྱི་གོ་རིམ་སྒྲིག་གང་ཐུབ་བྱེད་ཀྱི་ཡོད།འཁྲབ་སྟོན་པ་བུར་རྒྱལ་གྱིས་སྨྱུག་འཛིན་པ་ལ་ངས་འཁྲབ་སྟོན་ནང་ཞུགས་པའི་ལེ་ཚན་དེ་ཚོ་ལས་ཞོར་གྱི་དུས་ཚོད་སྤྱད་ནས་རང་བརྩམས་རང་འཁྲབ་བྱས་ནས་དུས་ཡུན་གང་འཚམ་འགོར་ཟིན། ད་དུང་མུ་མཐུད་དེ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་སྒྱུ་རྩལ་དུས་ཆེན་སྐབས་ཚང་མ་ལ་ཆེས་མཛེས་པའི་ལེ་ཚན་ཞིག་འབུལ་རྒྱུར་བརྩོན་ལེན་བྱས་ནས། རང་ཁུལ་གྱི་མི་རིགས་རིག་གནས་སྒྱུ་རྩལ་ལ་གསོན་ཤུགས་བསྣན་རྒྱུ་ཡིན་ཞེས་བཤད།རྫོང་དེའི་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་རིན་ཆེན་གྱིས་ང་ཚོའི་རྫོང་གིས་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཆེད་དུ་རྩོམ་སྒྲིག་བྱས་པའི་འཁྲབ་སྟོན་ལེ་ཚན་དེ་རྣམ་ཐར་གྱི་ཚུལ་དུ་སྲོལ་རྒྱུན་དམངས་ཁྲོད་ཞབས་བྲོ་ཡིན་པས། རླབས་ཆེན་གྱི་མི་རིགས་རོལ་དབྱངས་ལ་བརྟེན་ཏེ་ཁྱོན་ཡོངས་ནས་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཐུན་སྒྲིལ་ཡོང་བ་དང་བདེ་སྐྱིད་ཀྱི་འཚོ་བ་མཚོན་པའི་བསམ་པའི་ཉམས་འགྱུར་ལ་ཡིད་སྨོན་བྱེད་པའི་རྣམ་པ་མངོན་པ་རེད་ཅེས་བཤད།།
  • ལེ་ཚན་སྔོན་མ།:ཞིང་ཆེན་ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་དུ་ཞོད་ཐན་སྔོན་འགོག་གི་གཙོ་གནད་ལས་ཀར་ལྟ་ཞིབ་བྱས།
  • ལེ་ཚན་རྗེས་མ།:ལོ་ངོ36རིང་རྒྱུན་འཁྱོངས་བྱས་ནས་འབྲོག་ཁུལ་གྱི་སློབ་མ་ཁྱིམ་དུ་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།