དཔལ་ཡུལ་རྫོང་རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱིས་རྐང་ལག་སྐྱོན་ཅན་གྱི་ནད་པར་འདེམས་སྒྲུག་ཞིབ་བཤེར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2016-06-20

ཉེ་ཆར།  དཔལ་ཡུལ་རྫོང་རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁྲུང་ཀྲོའུ་མི་དམངས་སྨན་ཁང་གཉིས་པ་དང་འབྲེལ་བ་བྱས་ཏེ།  རྫོང་དེའི་ཞིང་འབྲོག་མང་ཚོགས་དང་སློབ་མ།  གྲྭ་བཙུན།  དཀར་ངལ་ཡོད་པའི་ལས་བྱེད་པ་དང་ལས་བཟོ་པར་རིན་པ་མི་དགོས་པ་རྐང་ལག་སྐྱོན་ཅན་ནད་པར་འདེམས་སྒྲུག་ཞིབ་བཤེར་བྱས་པ་རེད།ཐེངས་འདིའི་བྱེད་སྒོ་ནང་ནད་པ412འདེམས་སྒྲུག་ཞིབ་བཤེར་བྱས་ནས་གཤག་བཅོས་བྱ་དགོས་པའི་ནད་པ62ཡོད་ཅིང་།  གཤགས་བཅོས་འདོད་བློ་ཡོད་པའི་ནད་པ43ཡོད་པ་རེད། བརྟག་བཅོས་རིན་པ་ནི་གཞི་རྩའི་སྨན་བཅོས་ཉེན་འགོག་དང་ནད་ཆེན་ཉེན་འགོག  རིགས་དུ་མའི་ཁ་གསབ་སྣ་ཚོགས་ཀྱི་ཉེན་འགོག་བཅས་རྩིས་འབུལ་བྱས་རྗེས་ཁུལ་རྒྱ་གྲམ་དམར་པོའི་མཐུན་ཚོགས་ཀྱིས་ལོ་འཁོར་གྱི་བཅད་གྲངས་ནང་ཚུད་དུ་བརྒྱ་ཆ80ཡིས་བསྡུར་ཚད་ལྟར་རོགས་སྐྱོར་བྱ་རྒྱུ་དང་ནད་པ་རེར་རོགས་སྐྱོར་མཐོ་ཤོས་སྒོར་ཁྲི1.5བྱེད་ཆོག་པ་རེད།    ཁྲུང་ཀྲོའུ་མི་དམངས་སྨན་ཁང་གཉིས་པས་རྫོང་རྒྱ་གྲམ་དམར་པོའི་མཐུན་ཚོགས་ལ་རོགས་སྐྱོར་བྱས་རྗེས་བཅད་གྲངས་ལྟར་རོགས་སྐྱོར་བྱ་རྒྱུ་རེད།།     
  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ95འཁོར་བར་དྲན་གསོ་ཞུ་ཆེད་སྡེ་ཁག་བདུན་གྱིས་སྒྲིག་འཛུགས་བྱས་ཏེ་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱེད་སྒོ་སྤེལ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།