འདབ་པ་རྫོང་ཟེར་ལ་འབྲོག་ཁུལ་གྱི་ཆུ་གྲོན་ཆུ་འདྲེན་གྱི་ཨར་ལས་ལེགས་གྲུབ་ཡོང་།

        2016-06-20

ཉེ་ཆར། འདབ་པ་རྫོང་ཟེར་ལ་ཤང་གི་གྲོང་མི་བཀྲ་ཤིས་བཟང་པོས་ལེགས་གྲུབ་བྱུང་ཟིན་པའི་ཆུ་ཡུར་བལྟས་ཏེ་དགའ་སྤྲོའི་ངང་ཆུ་ཡུར་བསྐྲུན་ཟིན་རྗེས་ཆུ་འདྲེན་རྒྱུ་སྟབས་བདེ་མོ་རེད། ད་ནས་བཟུང་གནམ་ཆུ་བསྒུགས་ནས་འཚོ་བ་རོལ་མི་དགོས་པ་རེད་ཅེས་བཤད།ཟེར་ལ་འབྲོག་ཁུལ་གྱི་ཆུ་གྲོན་ཆུ་འདྲེན་གྱི་ཨར་ལས་དེ་ཟེར་ལ་ཤང་ལྷ་དབང་གྲོང་སྡེ་རུ་བསྐྲུན་ཡོད་ལ། ཆུ་ལེན་ཨར་ལས་དང་། ཆུ་འདྲེན་ལྕགས་མདོང་། ཞིང་ཆུ་གཏོར་འགྲེམ་གྱི་ཨར་ལས། ཆུ་འདྲེན་ལྕགས་མདོང་ནས་ཆུ་འདྲེན་པའི་ཨར་ལས། ལྕགས་མདོང་དྲ་བའི་ཆ་ཚང་ཨར་ལས་བཅས་ལས་གྲུབ་ཅིང་། ས་འོག་སྦས་པའི་ཆུ་ལེན་ས་གཅིག་གསར་སྐྲུན་བྱས་ཤིང་། སྨི་གྲུ་བཞི་ལྷམ་པ2000ལྡན་པའི་ཆུ་གསོག་རྫིང་བུ་གཅིག ལས་སྒྲུབ་བྱེད་སའི་ཆུ་རྫིང118  ཆུ་སིམ་རྫིང་བུ8  PVC-Mརྟགས་ཅན་གྱི་རིང་ཚད30.35ལྡན་པའི་ཆུ་སྦུག་སྦས་ཡོད། ཨར་ལས་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི510གཏོང་འཇོག་བྱས་ཡོད། དེའི་ནང་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་ཁྲི400གཏོང་འཇོག་བྱས་པ་དང་། ས་གནས་ཀྱིས་གཏོང་འཇོག་དང་ཞིང་པས་རང་གིས་གྲབས་གསོག་བྱས་པའི་མ་དངུལ་སྒོར་ཁྲི110ཡོད།ལས་གཞི་ལག་བསྟར་བྱས་རྗེས་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་བཟང་པོ་ཐོབ་ཐུབ་པ་སྟེ། གཟན་ཆག་འདེབས་སར་ཆུ་འདྲེན་རྒྱ་མུའུ1750གསར་འཕར་བྱུང་ཐུབ་པ་དང་། གཟན་ཆག་ཐོན་ཚད་སྤྱི་རྒྱ་ཁྲི38གསར་འཕར་བྱུང་བ། དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི57གསར་འཕར་བྱུང་བ་བཅས་རེད། ཞིང་ཆུ་གཏོང་ཡུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆུ་གཏོང་ཡུལ་གྱི་ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱས་ནས། སྤྱི་ཚོགས་བརྟན་བརླིང་དང་འཕེལ་རྒྱས་ཡོང་བར་དགེ་མཚན་ལྡན་པའི་འགན་སྲུང་ནུས་པ་ཐོན་པ་དང་། ལས་གཞི་ས་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀར་རྨང་གཞི་ཡག་པོ་བཏིང་བ་རེད།།
  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགོ་ཁྲིད་ཚོགས་པའི་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་དང་སློབ་གསོའི་ཐེངས་དང་པོའི་ཆེད་དོན་སློབ་སྦྱོང་ཞིབ་འཇུག་གྲོས་བསྡུར་གྱི་ཚོགས་འདུའི་ཐོག་ཏུ་གསུངས
  • ལེ་ཚན་རྗེས་མ།:ཞིང་ཆེན་ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་དུ་ཞོད་ཐན་སྔོན་འགོག་གི་གཙོ་གནད་ལས་ཀར་ལྟ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།