དཔལ་ཡུལ་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་བྱས།

དབྱངས་ཅན་གྱིས་བསྒྱུར།        2016-06-07

དུས་ཐོག་ཏུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་བྱུང་བའི་འགལ་བ་དང་རྩོད་གླེང་གཙང་སེལ་བྱེད་ཆེད། དཔལ་ཡུལ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཉམས་མྱོང་ཕྱོགས་བསྡོམས་དང་། གཅིག་གྱུར་གྱིས་བཀོད་སྒྲིག། བྱེད་ཐབས་གསར་གཏོད་བཅས་བྱས་པ་དང་། རྒྱུན་ཆད་མེད་པར་ལས་ཀའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་ཞིང་། མངོན་མེད་རྐྱེན་ངན་གཙང་སེལ་བྱེད་གང་ཐུབ་བྱས་ཏེ་རྫོང་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བའི་ལས་ཀ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱས་པ་རེད།
བླ་རུ་ཁོག་དང་། འབའ་ཐང་དང་དཔལ་ཡུལ་ས་མཚམས་སུ་དབྱར་རྩྭ་དགུན་འབུ་རྐོ་མཁན་མང་བས་མངོན་མེད་རྐྱེན་ངན་བྱུང་མང་བའི་དོན་དངོས་ལ་དམིགས་ནས། རྫོང་དེས་སྲིད་ཁྲིམས་སྡེ་ཁག་ནས་མི་སྣ་འཐེན་གཏོང་བྱས་ཏེ་མི་གྲངས50ཡོད་པའི་རི་འགོར་བཅའ་སྡོད་བྱེད་མཁན་ལས་སྒྲུབ་ཚོ་ཆུང་གཉིས་སྒྲིག་འཛུགས་བྱས་པ་དང་། མཚོ་འཕགས་སྨི4800ཡོད་པའི་བླ་རུ་ཁོག་གི་དབྱར་རྩྭ་དགུན་འབུ་རྐོ་སར་བསྡད་དེ། མཐུན་སྦྱོར་དང་། ཞིབ་བཤེར་ས་ཚུགས། རི་སྐོར། འགན་སྲུང་བཅས་འགན་ནུས་ཚོ་ཆུང་བཞི་བཙུགས་པར་མ་ཟད། མ་བསྐུལ་དང་བླངས་ཀྱིས་ཉེ་བར་ཆགས་ཡོད་པའི་འབའ་ཐང་རྫོང་དང་འབྲེལ་མཐུད་བྱས་ཤིང་། ཁག་བགོས་ནས་རི་འགོར་བཅའ་སྡོད་བྱས་ཏེ་བདེ་འཇགས་སྲུང་སྐྱོང་གི་ལས་ཀའི་འཆར་འགོད་གཏན་འབེབས་བྱས་་པ་རེད། དབྱར་རྩྭ་དགུན་འབུ་རྐོ་པའི་ཉིན30ཡི་རིང་རྫོང་ཡོངས་སུ་འགལ་བ་དང་རྩོད་གླེང་གི་གནད་དོན་ཁག13གཙང་སེལ་བྱས་པ་དང་། བདེ་བླག་ངང་གནད་དོན་ཁག11འདུམ་འགྲིག་དང་ཁག2ཚོད་འཛིན་བྱས་ནས་ཆེད་གཉེར་བྱ་སྤྱོད་ཀྱི་ཕན་འབྲས་མངོན་གསལ་ཐོན་པ་རེད།། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མཐོ་རྒྱུགས་དུས་སྐབས་སུ་བཟའ་བཅའ་ཉེན་མེད་ཀྱི་འགན་སྲུང་ལས་ཀར་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་གློག་སྐས་འཁོར་སྐྱོད་ཉེན་མེད་ཡོང་བར་ཁག་ཐེག་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།