ཉེ་ཆར། ལི་ཐང་རྫོང་གིས2016ལོའི་གཙོ་གནད་ལས་གཞི་གཅིག་བསྡུས་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ད་ལོར་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱེད་པའི་ཨར་ལས་དང་ཆ་ཚང་སློབ་ཆུང་བཞི་པ་སོགས་འདུས་པའི་འཛུགས་སྐྲུན་ལས་གཞི་གསར་པ117བསྐྲུན་རྒྱུ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི43493.292གཏོང་འཇོག་བྱ་རྒྱུ་རེད།ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་ཡོང་བར་བརྒྱུད། རྫོང་དེས་མུ་མཐུད་དེ་མ་དངུལ་གཏོང་འཇོག་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་མངོན་གསལ་དུ་བྱུང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་མུ་མཐུད་དེ་ཇེ་དྲག་ཏུ་སོང་བ། འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་དེ་སྲ་བརྟན་དུ་ཕྱིན་ཡོད། ད་ལོར་ལི་ཐང་རྫོང་སྲིད་གཞུང་གིས་སྤྱིའི་ལས་གཞི150ལ་སྤྱིའི་མ་དངུལ་འཇོག་ཚད་སྒོར་ཁྲི120004.963ཡིན་ཞིང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི66012.07ལེགས་འགྲུབ་བྱ་རྒྱུ་དང་། གསར་འཛུགས་བྱས་པའི་ལས་གཞི117ལ་སྤྱིའི་མ་དངུལ་སྒོར་ཁྲི68180.5632གཏོང་འཇོག་བྱ་རྒྱུ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི43493.292ལེགས་འགྲུབ་བྱ་རྒྱུ། ཚོང་ཁྲོམ་རིགས་ཀྱི་ལས་གཞི9ལ་སྤྱིའི་མ་དངུལ་སྒོར་ཁྲི1106260གཏོང་འཇོག་བྱ་རྒྱུ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི92910ལེགས་འགྲུབ་བྱ་རྒྱུ། དེའི་ནང་ཆུ་གློག་རིགས6ལ་སྤྱིའི་མ་དངུལ་སྒོར་ཁྲི1077800གཏང་རྒྱུ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི82000ལེགས་འགྲུབ་བྱ་རྒྱུ། གཏེར་ལས་རིགས3ལ་སྤྱིའི་མ་དངུལ་སྒོར་ཁྲི28460གཏོང་འཇོག་བྱ་རྒྱུ་དང་སྔོན་དཔག་བྱས་ན་མ་དངུལ་སྒོར་ཁྲི10910ལེགས་འགྲུབ་བྱ་རྒྱུ་རེད།།