ཁུལ་རིམ་པའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྲིད་གཙང་དྲན་སྐུལ་གྱི་སློབ་གསོ་དང་ལེན་བྱས།
བདེ་སྐྱིད་ཀྱིས་བསྒྱུར། 2016-05-24
ཉེ་ཆར། ཁུལ་ཐད་གཏོགས་ལས་སྒྲུབ་ཨུ་ལྷན་གྱིས་ཁུལ་རིམ་པའི་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་དཀར་མཛེས་བཙོན་ཁང་དུ་སྲིད་གཙང་དྲན་སྐུལ་གྱི་སློབ་གསོ་དང་ལེན་བྱས་པ་རེད།
སྲིད་གཙང་དྲན་སྐུལ་གྱི་སློབ་གསོ་དང་ལེན་བྱེད་སྐབས།ཏང་ཡོན་འཐུས་མི40ལྷག་ཙམ་གྱིས་བཙོན་ཁང་ནང་ལྟ་སྐོར་བྱས་ཏེ་བཙོན་ཁང་གི་འཚོ་བར་ཤེས་རྟོགས་བྱེད་པ་དང་།རུལ་སུངས་ལས་བྱེད་པས་རང་གི་བྱས་ཉེས་མྱོང་ཚོར་བཤད་པར་ཉན་འཇོག་བྱས་པ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འགན་འཁུར་བས་ཏང་ཡོན་འཐུས་མིར་སྤྱོད་གཙང་དཔེ་སྟོན་དང་མི་དམངས་ཀྱི་དོན་དུ་སྤྱོད་གཙང་བྱ་རྒྱུས་ཡིས་བརྗོད་བྱ་གཙོ་བོར་བྱས་པའི་སྲིད་གཙང་གི་ཏང་གཤིས་སློབ་ཁྲིད་བྱས་པ་རེད།
སྲིད་གཙང་དྲན་སྐུལ་གྱི་སློབ་གསོ་དང་ལེན་བྱེད་མཇུག་བསྒྲིལ་རྗེས། ཏང་ཡོན་འཐུས་མིས་བྱེད་སྟངས་འདི་འདྲ་སྤྱད་ནས་སྦྱང་བྱ་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་བྱས་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད།། ཁྲིམས་ཆད་ཁུར་མཁན་གྱིས་རང་གི་བྱས་ཉེས་གསོག་རིམ་ལ་དྲན་གསོ་བྱས་ཏེ་ཚང་མར་ཁྲིམས་འགལ་ལུགས་འགལ་གྱི་ལོག་ལམ་དུ་བསྐྱོད་རྒྱུ་དེ་ཡུད་ཙམ་གྱི་ནོར་འཁྲུལ་བསམ་ཕྱོགས་ཤིག་ཡིན་པའི་བསླབ་བྱ་ངེས་པར་དུ་ཡིད་ལ་བརྟན་པོ་བཟུང་ནས་ཏང་གཤིས་ནན་སྲུང་བྱས་ཏེ་རང་གི་ལག་ཏུ་ཡོད་པའི་དབང་ཆར་སྒྲིག་ཁྲིམས་ཀྱིས་ཚོད་འཛིན་བྱ་རྒྱུ་དེ་ཚང་མར་གསལ་པོ་ཤེས་སུ་བཅུག་པ་རེད།།