རང་ཁུལ་གྱི་ཐུན་མོང་དང་མི་སྒེར་ཚན་པ་གཅིག་ལ་རྒྱལ་ཡོངས་དང་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་གི་གཟེངས་བསྟོད་ཐོབ།

ཡེ་ཤེས་མགོན་པོ།        2016-05-05

ཉེ་ཆར་གསར་འགྱུར་ཐོ་འགོད་པས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་དོན། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔོན་ཚུད་དུ་རང་ཁུལ་གྱི་ཐུན་མོང་དང་མི་སྒེར་ཚན་པ་གཅིག་ལ་རྒྱལ་ཡོངས་དང་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་གི་གཟེངས་བསྟོད་ཐོབ་པ་རེད།དེའི་ནང་དར་མདོའི་མི་རིགས་ཉོ་ཚོང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ཚོང་ཁང་བདུན་པར2016ལོའི་རྒྱལ་ཡོངས་ཀྱི་བཟོ་པའི་གདོང་ལེན་དཔེ་བཟང་གི་མཚན་སྙན་ཐོབ་པ་དང་། དཀར་མཛེས་ཁུལ་གྱི་དཀའ་ངལ་ཡོད་པའི་ལས་བཟོ་ལ་རོགས་སྐྱོར་བྱེད་མཁན་ལྟེ་གནས་ལ2016ལོའི་སི་ཁྲོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་གི་མཚན་སྙན་དང་། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྱོད་དོན་འཛུགས་ཁང་དང་། རྒྱལ་རོང་བརྒྱ་གྱུར་བོད་གྲོང་གི་བཟའ་བཅའ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གི་ཐོན་སྐྱེད་འཁོར་ཁང་གཉིས་པ་ལ2016ལོའི་སི་ཁྲོན་ཞིང་ཆེན་གྱི་བཟོ་པའི་གདོང་ལེན་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད། དར་མདོའི་ཁྲོན་བོད་སྐྱེལ་འདྲེན་སྤྱི་གཉེར་ཁང་གི་ཡན་ལག་སྤྱི་གཉེར་ཁང་དང་པོའི་སྤྱི་གཉེར་པ་བློ་བཟང་ཉི་མར2016ལོའི་སི་ཁྲོན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད།
  ད་ལོ་ནས་བཟུང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཧུར་ཐག་གིས་རྒྱལ་ཡོངས་དང་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་དཔྱད་བསྡུར་འོས་སྦྱོར་བྱས་པའི་ལས་ཀ་བསྒྲུབས་ནས་རང་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། ཁེ་ལས་ཀྱི་དཔལ་འབྱོར་གྲུབ་འབྲས་མཐོར་འདེགས་དང་ངལ་རྩོལ་འགྲན་བསྡུར། ཚུལ་མཐུན་གྱི་གྲོས་འགོ་འདོན་པ་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་བྱས་རྗེས་འཇོག་མཁན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ཚན་པ་གཅིག་འོས་སྦྱོར་བྱས་པ་རེད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་དཔྱད་བསྡུར་ཞིབ་བཤེར་བྱས་པར་བརྒྱུད། རང་ཁུལ་གྱིས་འོས་སྦྱོར་བྱས་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ཚན་པ་གཅིག་ལ་མཚན་སྙན་འདི་ཐོབ་པ་རེད། 
  • ལེ་ཚན་སྔོན་མ།:ལི་རྫོང་གིས་འཛམ་གླིང་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཚོགས་འདུ་འཚོགས་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་འཐབ་ཇུས་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་།
  • དོ་སྣང་ཆེ་བའི་རྩོམ།