ཁུལ་ཡོངས་སུ་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་ལས་ཀ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས།
ཡེ་མིང་གིས་བསྒྱུར། 2016-04-26
སྤྱི་ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར། རང་ཁུལ་གྱིས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་སློབ་སྦྱོང་ལག་ལེན་བྱེད་པ་དང་།ཁུལ་ཡོངས་ཀྱི་ཏང་ཡོན་ཁྲོད་དུ་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ཚོ་ཆུང་དྲུག་པའི་འགོ་འཛིན་གཞོན་པ་ཝང་ཏའོ་ཆོན་ཚོགས་འདུར་ཕེབས་ནས་ཁྲིད་སྟོན་མཛད་པ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། ཏང་ཡོངས་ལ་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་དང་། ནན་གསུམ་དྲང་གསུམ་གྱི་ཆེད་དོན་སློབ་གསོ་བྱས་རྗེས་ཁྱོན་ཡོངས་ནས་ཏང་གིས་ཏང་ནན་སྐྱོང་བྱེད་ཆེད་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་བྱས་པ་ཞིག་རེད། ཁོང་གིས་གསུངས་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།
ཁུལ་ཨུའི་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་གི་འབོད་སྐུལ་ཅི་འདྲ་ཡོད་ན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཅི་འདྲ་ཡོད་ན་ཁུལ་ཡོངས་ཀྱི་ཏང་ཡོན་ཚོས་ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་བྱ་སྤྱོད་ཡོད་པར་བྱས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་འཆམ་མཐུན། འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པར་སྲ་བརྟན་གྱི་ཆབ་སྲིད་འགན་སྲུང་ཡོད་པ་བྱེད་དགོས།ལིའུ་ཁྲེང་མིང་གིས་ནན་གསུངས་གནང་དོན། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་ནི་ཏང་ནང་ཁུལ་དུ་སློབ་སྦྱོང་ཟབ་མོ་དང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུའི་བླང་བྱ་གསར་པ་ཞིག་རེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ཚོས་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་སློབ་སྦྱོང་བྱས་པའི་ནང་དུ་ཏང་གཤིས་གོ་རྟོགས་ཇེ་དྲག་ཏུ་གཏོང་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་བྱེད་པའི་ནང་དུ་རིགས་པའི་གཞུང་ལུགས་ཀྱི་སྦྱངས་འབྲས་མཐོ་རུ་བཏང་ནས་ང་ཚོའི་བསམ་བློ་དང་བྱ་སྤྱོད་འདི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་ཡོང་བ་བྱེད་དགོས། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་དེ་དབུལ་སྐྱོར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཟུང་འབྲེལ་བྱས་ཏེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་འཆམ་མཐུན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་དྲང་བདེན་གྱི་ནུས་པ་དང་གསོན་ཤུགས་གསར་པ་སྣོན་གང་ཐུབ་བྱེད་དགོས།སྤྱི་ཟླ4པའི་ཟླ་མཇུག་གི་སྔོན་དུ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་ལས་ཀ་སོ་སོ་བཀོད་སྒྲིག་བྱེད་ཚར་དགོས་པ་རེད།།