རང་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་འགོ་ཁྲིད་ཚོ་ཆུང་གི་སྐུལ་འདེད་ཚོགས་འདུ་འཚོགས།

        2016-04-21

སྤྱི་ཟླ4པའི་ཚེས15ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློས་གཙོ་འགན་བཞེས་ཏེ་མི་རིགས་རིག་གནས་ཐོན་ལས་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཀྱི་འགོ་ཁྲིད་ཚོ་ཆུང་གི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས་ཀྱིས་ཞུས་པའི་མི་རིགས་རིག་གནས་ཐོན་ལས་ཀྱི་ལས་ཀར་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་དང་། ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཞུས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་སྐུལ་འདེད་བཏང་ཚུལ་གྱི་སྙན་སེང་ལ་ཉན་འཇོག་བྱས་པ་རེད།
བྱམས་བློས་བསྟན་དོན། ཐོན་ལས་གཉིས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་དང་ཐོག་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་དུ་ཅི་ལས་རྒྱུ་དང་། ཚོང་ར་དང་ཟུང་འབྲེལ་བྱས་ནས་ཅི་ལས་ཆོག་རྒྱུའི་ཐད་བསམ་བློ་གཏང་དགོས། ཐོན་ལས་འཆར་འགོད་བྱེད་པའི་ཁྲོད་དུ་སྔ་ནས་བཟུང་འཆར་འགོད་མང་པོ་བྱས་ཡོད་མོད། འོན་ཀྱང་དོན་འཁྱོལ་བྱས་ཟིན་མང་པོ་ཡོད་པ་མ་རེད། ཕྱིན་ཆད་རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་མང་པོ་གཅིག་འདུས་བྱས་ནས་ལག་ལེན་བྱ་རྒྱུའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གཙོ་གནད་དུ་ཤུགས་བསྒྲིལ་རྒྱུ་སྔར་བཞིན་མི་འདང་བ་རེད། ཕྱིན་ཆད་ལས་ཀ་སྤེལ་སྐབས་གཙོ་གནད་དམིགས་སུ་ཐོན་པ་བྱས་ཏེ་འབྲེལ་ཡོད་སྡེ་ཁག་གིས་ཤུགས་མཉམ་འདོན་དང་མ་དངུལ་བཀོད་སྒྲིག་ཡག་པོ་བྱེད་དགོས།།
  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་སྐབས་བརྗེ་ལས་ཀའི་གསོ་སྦྱོང་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་དཀར་མཛེས་དང་གསེར་ཐར་ལ་དགོན་པའི་དོ་དམ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།