རང་ཁུལ་གྱིས་དབུལ་སྐྱོར་འགག་སྒྲོལ་གྱི་ཆེད་དོན་གྲོས་ཚོགས་འཚོགས།

ཨ་སྨྱོན་གྱིས་བསྒྱུར།        2016-04-12

སྤྱི་ཟླ4པའི་ཚེས6ཉིན་རང་ཁུལ་གྱིས་དབུལ་སྐྱོར་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ལས་ཀ་སོ་སོའི་སྙན་སེང་ལ་ཉན་འཇོག་བྱས་པ་དང་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་བྱས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བས་ཚོགས་འདུའི་གཙོ་འགན་བཞེས།ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱི་ཧྥན་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།
  ལི་ཁྲེང་མིང་གིས་ཐུགས་རེ་གནང་དོན།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལྷག་གིས་ངོས་འཛིན་གཅིག་གྱུར་བྱས་ཏེ་ད་ལོར་དབུལ་ཕོངས་གྲོང་སྡེ281གི་དབུལ་ཕོངས་ཞྭ་མོ་འཕུད་རྒྱུ་དང་།
དབུལ་ཕོངས་མི་འབོར32275དབུལ་བྲལ་བྱ་རྒྱུའི་དམིགས་ཡུལ་ལས་འགན་འདི་ལ་གཞིགས་ནས་ཀྲུང་དབྱང་གི་སེམས་ཁྲལ་མི་དགོས་པ་བྱ་རྒྱུ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ།ཞིང་ཆེན་ཏང་ཨུའི་མི་སེར་ཚོར་སྡོད་ཁང་ཡག་པོ་ཡོད་པ་དང་འཚོ་བ་སྐྱིད་པོ་རོལ་དུ་བཅུག་ནས་གོམས་གཤིས་བཟང་པོ་དང་དར་སྲོལ་ཡག་པོ་ཆགས་པ་བྱ་རྒྱུ་དང་།དེ་བཞིན་དུ་དབུལ་སྐྱོར་བྱ་ཡུལ་གནད་དུ་སྨིན་པ།མ་དངུལ་བཀོད་སྤྱོད་གནད་དུ་སྨིན་པ།ལས་གཞི་ལག་ལེན་གནད་དུ་སྨིན་པ།བྱེད་ཐབས་གནད་དུ་སྨིན་པ།གྲོང་སྡེའི་ནང་བཅའ་སྡོད་བྱས་ནས་རོགས་སྐྱོར་བྱ་རྒྱུ་གནད་དུ་སྨིན་པ།དབུལ་བྲལ་གྱི་གྲུབ་འབྲས་གནད་དུ་སྨིན་པ་བྱ་རྒྱུའི་སྤྱིའི་བླང་བྱ་ལ་དམིགས་ནས་ཞིབ་ཕྲའི་ལས་ཀ་སོ་སོར་སྐུལ་འདེད་གཏོང་བའི་ཁྲོད་དུ་སེམས་ཤུགས་བསྒྲིམ་དགོས།གཅིག་ནི་གནད་དུ་སྨིན་པ་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།གཉིས་ནི་ཐོན་ཁུངས་ཀྱི་སྲིད་ཇུས་སྙོམས་སྒྲིག་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།གསུམ་ནི་དྲིལ་བསྒྲགས་སྐུལ་སློང་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།བཞི་ནི་གོང་འོག་མཉམ་འགུལ་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།ལྔ་ནི་ཁྱད་ཆོས་དམིགས་སུ་ཐོན་པ་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།དྲུག་ནི་ལྟ་སྐུལ་ཞིབ་བཤེར་བྱས་ནས་དོན་འཁྱོལ་བྱ་རྒྱུའི་ཐོག་སེམས་ཤུགས་བསྒྲིལ་དགོས།ལིའུ་ཁྲེང་མིང་གིས་ཆེད་དོན་འགོ་ཁྲིད་ཚོ་ཆུང་སོ་སོས་སྔར་ལྷག་གིས་ལས་ཀའི་འགན་འཁྲི་ཇེ་དྲག་དང་ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་ནས་རང་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་འགོ་ཡག་པོ་ཞིག་བཙུགས་ནས་ད་ལོར་ཁུལ་ཡོངས་ཀྱི་གྲོང་སྡེ281དང་མི་གྲངས32275དབུལ་བྲལ་བྱ་རྒྱུ་དང་།ཕྱིན་ཆད་ལོ་ཁ་ཤས་ནང་དབུལ་བྲལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལས་འགན་འགྲུབ་པར་རྨང་གཞི་བརྟན་པོ་གདིང་དགོས་ཞེས་གསུངས་པ་རེད།།
  • ལེ་ཚན་སྔོན་མ།:འཇོན་ནུས་ཀྱི་བྱང་ཚད་མཐོ་འདེགས་བྱས་ཏེ་དབུལ་བྲལ་ལས་ཀར་བྱས་རྗེས་བཞག
  • ལེ་ཚན་རྗེས་མ།:རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་བརྟག་ཞིབ་ཚོ་ཆུང་རང་ཁུལ་དུ་འོངས་ནས་ཐུམ་འབུའི་ནད་འགོག་བཅོས་བྱས་ཚུལ་ལ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།