ཡེ་ཤེས་ཟླ་བས་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀའི་ཚོགས་འདུའི་ཐོག་ནོར་སྲིད་ཐོན་ཁུངས་བརྟན་པོ་བྱས་ཏེ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས་དམངས་འཚོར་ཕན་པའི་སྒྲིག་གཞི་ལེགས་སྒྲིག་བྱ་དགོས་ཞེས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2016-04-07


སྤྱི་ཟླ3པའི་ཚེས25ཉིན། 2016ལོའི་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀའི་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་ཚོགས་འདུའི་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནོར་སྲིད་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཤུགས་ཆེན་པོས་ནོར་སྲིད་ལས་ཀར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་བྱས་ཡོད། ཁུལ་ཡོངས་ཀྱི་ནོར་སྲིད་མ་ལག་གི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་འཕར་སྣོན་བརྟན་པོ་སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་འདོགས། བཅོས་བསྒྱུར་ལ་སྐུལ་འདེད། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་མཇུག་གི་སྒོར་དུང་ཕྱུར16.3ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་བར་དུ་སླེབས་སྐབས་སྒོར་དུང་ཕྱུར31.4ཡི་ཐོག་འཕར་སྣོན་བྱུང་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་བསྡོམས་འབོར་གྱི་གཞི་ཁྱོན་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྒོར་དུང་ཕྱུར397.33ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་གི་བར་དུ་སླེབས་སྐབས་སྒོར་དུང་ཕྱུར1270ཡི་ཐོག་འཕར་སྣོན་བྱུང་བས་གཏོང་སྒོའི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་ལྔ་པར་གནས་པ་རེད། ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར627.08གཏོང་འཇོག་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་གྱིས་སྐུལ་འདེད་བཏང་ཡོད་པ་རེད། ད་ལོར་རང་ཁུལ་གྱིས་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་སྣོན་བརྒྱ་ཆ6.5འགན་སྲུང་བྱ་རྒྱུ་དང་བརྒྱ་ཆ7ལ་ཟིན་ཐུབ་པར་བརྩོན་ལེན་བྱ་རྒྱུ་དང་།ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་འཕར་སྣོན་བརྒྱ་ཆ7ལ་ཟིན་པར་བྱ་དགོས།ཡེ་ཤེས་ཟླ་བས་མིག་སྔར་རང་ཁུལ་གྱི་ནོར་སྲིད་ལས་ཀའི་ཐད་གནས་པའི་གནད་དོན་དང་དཀའ་ངལ། དེ་བཞིན་དུ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་མོ་མཛད་པར་མ་ཟད། ཇི་ལྟར་བྱས་ནས་ཁུལ་ཡོངས་ཀྱི་ནོར་སྲིད་ལས་ཀ་སྔར་ལས་ལྷག་པར་ལེགས་བཅོས་གཏང་རྒྱུའི་ཐད་ཐབས་བརྒྱ་ཇུས་སྟོང་བཞི་བཏོན་པ་རེད། གཅིག་ནི་ཐབས་བརྒྱ་ཇུས་སྟོང་གིས་དཀའ་ངལ་དང་གནད་དོན་གསལ་པོ་ཤེས་དགོས། གཉིས་ནི་ཐབས་བརྒྱ་ཇུས་སྟོང་གིས་ཡོང་སྒོར་དམ་འཛིན་བྱེད་དགོས། གསུམ་ནི་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་བེད་སྤྱོད་ཡག་པོ་བཏང་ནས་ཐོན་ཁུངས་གསར་སྦོལ་གྲོན་ཆུང་། ཡོང་འབབ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱེད་དགོས། བཞི་ནི་ཐབས་བརྒྱ་ཇུས་སྟོང་གིས་ནོར་དོན་ལེགས་སྒྲིག་བྱས་ཏེ་ངེས་པར་དུ་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཞིང་པར་དཔེ་གསར་ཅན་གྱི་འབྲུ་མཛོད་ཆུང་ངུའི་ལས་གཞི་བཟོ་འགོ་ཚུགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུར་ཉེ་བཅར་གྱིས་བརྗོད་བྱ་གཙོ་བོར་བྱས་པའི་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།