དཀར་མཛེས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་ཨ་མར་འཚམས་འདྲི་བྱས།

དབྱངས་ཅན་གྱིས་བསྒྱུར།        2016-04-05

    ད་ལྟ་ཏང་གི་སྲིད་ཇུས་དངོས་གནས་ཡག་པོ་རེད། ང་ཚོའི་སྨན་བཅོས་བྱེད་གླ་རྩིས་ཞུ་བྱེད་ཆོག་པར་མ་ཟད། ད་དུང་བློ་ཐབས་གང་དྲག་སྤྱད་ནས་ང་ཚོར་རོགས་སྐྱོར་བྱས་པ་རེད། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་པ་ནི་སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་ཨ་མ་ཚོས་བཤད་པའི་སྙིང་གཏམ་རེད། ཉེ་ཆར། དཀར་མཛེས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣ་དཀར་མཛེས་གྲོང་རྡལ་དང་། མདའ་མདོ་ཤང་། སྲིབ་ངོ་ཤང་བཅས་ལ་ཕྱིན་ནས་སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་ཨ་མར་འཚམས་འདྲི་བྱས་པར་མ་ཟད། མི་རེར་ཆེད་སྤྱོད་རོགས་སྐྱོར་མ་དངུལ་སྒོར་ཁྲི1སྤྲད་ནས་ཁོ་ཚོར་སེམས་སྐྱིད་པོ་བྱེད་གང་ཐུབ་བྱས་ནས་སྔ་ཚེར་ལུས་ཁམས་བདེ་ཐང་ཡོང་བར་བརྩོན་ལེན་བྱ་དགོས་པའི་སྐུལ་ལྕག་བྱས་བ་རེད།
 ཤེས་རྟོགས་བྱུང་བར་གཞིགས་ན། སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་རོགས་སྐྱོར་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། རྫོང་དེའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་ཕན་ལས་གྲྭ་འདི་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་པ་དང་། སྐྲན་ནད་ཕོག་པའི་དབུལ་ཕོངས་ཨ་མར་རོགས་སྐྱོར་མ་དངུལ་རག་གང་ཐུབ་བྱས། མིག་སྔར་སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་ཨ་མར་རོགས་སྐྱོར་བྱེད་པའི་ལས་གཞིར་བརྒྱུད་ནས་སྐྲན་ནད་གཉིས་ཕོག་པའི་དབུལ་ཕོངས་ཨ་མ5ལ་རོགས་སྐྱོར་བྱས་པ་རེད།།
  • ལེ་ཚན་སྔོན་མ།:ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ཀྲི་པུའུ་དང་པོས་བ་བཏག་ཁྲོམ་སྟོད་གྲོང་སྡེར་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་དུ་ཐེངས་དང་པོར་རྒྱ་ཁྱོན་ཆེ་བའི་མཚལ་རྡོའི་ས་གཞི་སྟེང་ངོས་རྙེད།
  • དོ་སྣང་ཆེ་བའི་རྩོམ།