
ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི་དང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་གི་ནང་དོན་གསལ་བཀྲོལ་གྱི་ཆེད་དོན་སྒྲོག་འགྲེལ་དར་མདོར་སྤེལ།
སྤྱི་ཟླ4པའི་ཚེས6ཉིན་གྱི་སྔ་དྲོར།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྒྲུབ་འགན་ཁུར་བའི་སྒྲིག་ཁྲིམས་སྔོན་དུ་བཞག་སྟེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་པའི་སྒྲོག་འགྲེལ་བྱེད་སྒོ་དེ་དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་ཚོགས་ཁང་དུ་སྤེལ་བ་རེད།ཁུལ་རིམ་པའི་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཁོའོ་རིམ་པ་མན་ཆད་ཀྱི་ཏང་ཡོན་ལས་བྱེད་པ200ལྷག་ཆེད་དོན་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ་རེད།
ཁུལ་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡེ་ཀང་གིས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞི》དང《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་སྙིང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཞོར་དཔེ་མཚོན་བཀོད་ནས་ཚད་གཞི་དང་སྲོལ་ཡིག་གི་ནང་དོན་ལ་གསལ་བཀྲོལ་ཞིབ་ཕྲ་བརྒྱབ་པས།སློབ་ཁྲིད་ཉན་མཁན་ཏང་ཡོན་ལས་བྱེད་པའི་ཚད་གཞི་དང་སྲོལ་ཡིག་ལ་བརྩི་སྲུང་བྱེད་པའི་རང་རྟོགས་ནུས་པ་ཆེ་རུ་ཕྱིན་པ་རེད།
ཆེད་དོན་སྒྲོག་འགྲེལ་བྱེད་སྒོའི་ཐོག་ཏང་ཡོན་ལས་བྱེད་པ་ཚོས་ཕྱིན་ཆད་ཀྱི་ལས་ཀ་དང་འཚོ་བའི་ཐད་ཚད་གཞི་དང་སྲོལ་ཡིག་གི་ནང་དོན་ལ་གོ་བ་ནན་ཏན་ལེན་དགོས་པར་མ་ཟད།དུས་རྒྱུན་ལས་ཀའི་ཁྲོད་དུ་དོན་འཁྱོལ་བྱ་དགོས་པ་དང་།མིག་དཔེ་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པའི་བླང་བྱ་བཏོན་པ་རེད།།