ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་དར་མདོར་འཚོགས།

སྐལ་ཐུབ།        2016-03-07

ཟླ་བ3པའི་ཚེས1ཉིན། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་གྲོས་ཚོགས་དར་མདོར་འཚོགས་པ་རེད། ཁུལ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་གཡང་མཚོས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་བ་རེད།
  བྱམས་བློས་ཐོག་མར་རང་ཁུལ་གྱི་བསམ་བློ་དྲིལ་བསྒྲགས་ལས་ཀའི་གནས་བབ་ལ་དབྱེ་ཞིབ་གནང་ཞིང་ཉེ་ཆར་ཀྲུང་དབྱང་དང་ཞིང་ཆེན་ཁུལ་བཅས་ཀྱིས་འཚོགས་པའི་དྲིལ་བསྒྲགས་ལས་ཀའི་ཚོགས་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་མདོར་བསྡུས་གནང་བར་མ་ཟད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དྲིལ་བསྒྲགས་ལས་ཀར་མཐོང་ཆེན་བྱས་ཏེ་ཏང་གི་འདོད་ཚུལ་དེ་དུས་རབས་ཀྱི་སྒྲ་དབྱངས་ཆེས་དྲག་ཤོས་སུ་ཆགས་དགོས་པའི་ཐུགས་རེ་གནང་བ་རེད།
  བྱམས་བློས་འབྲེལ་ཡོད་སྡེ་ཁག་གིས་གཅིག་ནི་དྲིལ་བསྒྲགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་རང་བབ་བརྟག་པ་གནད་ལ་སྨིན་བ་བྱ་དགོས་པ་དང་། གཉིས་ནི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་མ་བསྐུལ་དང་བླངས་སྒོས་དྲིལ་བསྒྲགས་ཀྱི་གཡུལ་ས་བཟུང་བར་ཤུགས་རྒྱག་དགོས། གསུམ་ནི་ཇུས་འགོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་དྲིལ་བསྒྲགས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས། བཞི་ནི་དོན་འཁྱོལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་དྲིལ་བསྒྲགས་ཀྱི་སྣང་བརྙན་ཡག་པོ་བསྐྲུན་དགོས་པའི་ནན་གསུང་གནང་བ་རེད།
  ཚོགས་ཐོག་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། 2016ལོའི་དྲིལ་བསྒྲགས་ལས་ཀ་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་འཕྲིན་སྦྱོར་སྡེ་ཚན་དང་རྫོང་ཁག་གིས་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པར་མ་ཟད་ཞིང་ཆེན་དང་ཁུལ་གྱི་དྲིལ་བསྒྲགས་ལས་ཀའི་སྔོན་ཐོན་ཐུན་མོང་དང་མི་སྒེར་གྱི་མཚན་སྙན་ཐོབ་མཁན་ལ་གཟེངས་བསྟོད་ཀྱང་བྱས་པ་རེད། 
  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཡ་རབས་འཆམ་མཐུན་དགོན་པའི་མིང་བཏགས་གཟེངས་བསྟོད་དང་དགོན་པ་ཚད་ལོན་རིན་སྤར་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:བོད་ལུགས་ཀྱི་སྡེབ་སྦྱོར་སྨན་སྣ་ཡང་བསྐྱར་ཐོ་འགོད་བྱེད་པའི་ལས་ཀའི་ཕྱོགས་བསྡོམས་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།