ལོ་སར་ཚེས་གཅིག་ཉིན་ལིའུ་ཁྲེང་མིང་ཁུལ་ཕན་བདེ་ཁང་དུ་ལོ་སར་ལ་རྟེན་འབྲེལ་ཞུ་རུ་ཕེབས།

སྐལ་ཐུབ་ཀྱིས་བསྒྱུར།        2016-02-23

ལོ་སར་སྐྱིད་པོ་དང་སྐུ་ཁམས་བདེ་བར་སྨོན་ཞེས་ལིའུ་ཁྲེང་མིང་ཁུལ་སྤྱི་ཚོགས་ཕན་བདེ་ཁང་དུ་སླེབས་མ་ཐག་རྒས་ཁོགས་ཚོ་དང་རེ་རེ་བཞིན་ཕྱག་འཇུས་གནང་ཞིང་འཚམས་འདྲི་ཞུས་པར་མ་ཟད་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ལོ་ན91ལ་སོན་པའི་ལིའུ་རྒན་མོས་དགོད་འཛུམ་འཛུམ་གྱིས་ང་ཚོ་འདི་ན་སྟབས་ཤིན་ཏུ་བདེ་པོ་འདུག ཉིན་རེའི་ཤ་ཚལ་དང་སྐྱ་ཚལ་སྡེབ་སྦྱོར་འཚམ་པོ་ཡིན་པ་དང་སོས་པོ་ཡིན་པས་མ་ཚད་གཙང་མ་ཡང་རེད་ཅེས་པའི་སྐད་ཆ་ཐོས་དུས་ལིའུ་ཁྲེང་མིང་ཐུགས་ཧ་ཅང་དགྱེས་པ་རེད། ཁོང་གིས་ཕན་བདེ་ཁང་གི་ལས་སྒྲུུབ་མི་སྣ་རྣམས་ལ་རྒས་ཁོགས་ཚོར་ཞབས་ཕྱི་ཡག་པོ་ཞུས་ཤིང་ཁོ་ཚོ་རང་གི་ཁྱིམ་མི་ལྟར་བརྩིས་ནས་ཁྱིམ་ཚང་གི་དྲོ་སྐྱིད་མྱོང་དུ་འཇུག་དགོས་ཞེས་ཐུགས་རེ་གནང་བ་རེད།བྱིས་པའི་ཕན་བདེ་ཁང་དུ་ལིའུ་ཁྲེང་མིང་བྱིས་པ་ཚོའི་ཁྲོད་དུ་ཕེབས་ནས་བྱིས་པ་ཚོ་དང་ཕྱག་འཇུས་གནང་ཞིང་ལོ་སར་ལ་རྟེན་འབྲེལ་ཞུ་རེས་གནང་བ་དང་བྱིས་པའི་སྡོད་ཁང་དང་ཟ་ཁང་དུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་གནང་ཞིང་བྱིས་པ་ཚོའི་ལུས་ལ་གོས་གཙང་མ་གྱོན་ཞིང་སྡོད་ཁང་སྐྱིད་པོ་ཡིན་པ་དང་འཚོ་བ་ཡག་པོ་ཡིན་པ་གཟིགས་དུས་ཡི་རང་ཆེན་པོ་བྱུང་བ་རེད། ཁོང་གིས་དམངས་སྲིད་སྡེ་ཚན་དང་བྱིས་པའི་ཕན་བདེ་ཁང་གི་ལས་སྒྲུབ་མི་སྣ་ཡོངས་ལ་འཚམས་འདྲི་ཞུས་ཐོག་ཁོ་ཚོས་དཀའ་ཚེགས་ཀྱིས་ལས་དོན་སྒྲུབ་པར་གུས་འདུད་ཞུས་པ་རེད། ཁོང་གིས་བྱིས་པའི་ཕན་བདེ་ཁང་གིས་སྔར་ལྷག་གིས་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། སྒྲིག་ཆས་ཉམས་གསོ་དང་ཁོར་ཡུག་མཛེས་བཟོ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱིས་པ་ཚོའི་འཚོ་བ་དང་སློབ་སྦྱོང་། རོལ་རྩེད་བཅས་ཀྱི་ཁོར་ཡུག་དེ་བས་ཡག་པོ་ཡོང་བར་བྱ་དགོས་པའི་ཐུགས་རེ་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ། ཁུལ་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་འཚམས་འདྲིའི་བྱེད་སྒོར་ཞུགས་པ་རེད། 
  • ལེ་ཚན་སྔོན་མ།:ལོ་གསར་གུང་སེང་སྐབས་སུ་དར་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་ཚོང་ར་བྲིན་པོ་བྱུང་།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་སྤེལ་ནས་སྤྲོ་སྐྱིད་ལྡན་པའི་ལོ་སར་རོལ།
  • དོ་སྣང་ཆེ་བའི་རྩོམ།