ཀྲང་ཀྲུའུ་ཡུན་གྱིས་རང་ཁུལ་གྱི་ཐུམ་འབུའི་ནད་བཅོས་ལས་ཀར་ཞིབ་བཤེར་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2016-02-04

ཉེ་ཆར། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲུའུ་ཡུན་དང་བཅས་པ་ཁུལ་མི་དམངས་སྨན་ཁང་དང་ཁུལ་ཐུམ་འབུའི་ནད་ཞིབ་འཇུག་ཁང་ལ་ཕེབས་ནས། ཁུལ་ཐུམ་འབུའི་ནད་ཀྱི་སྨན་བཅོས་ལྟེ་གནས་འཁོར་སྐྱོད་བྱས་ཚུལ་དང་ཐུམ་འབུའི་ནད་ཀྱི་སྨན་བཅོས་ལས་ཀར་ཞིབ་བཤེར་དང་ཁྲིད་སྟོན་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཁྲུན་ཞིའུ་དང་ཁུལ་དཔོན་གཞོན་པ་ཧོ་པིའོ་རྣམ་གཉིས་ཀྱིས་ཕེབས་རོགས་གནང་ཡོད།ཀྲང་ཀྲུའུ་ཡུན་གྱིས་བསྟན་དོན། ད་ལོར་དཀར་མཛེས་ཁུལ་གྱིས་ཐུམ་འབུའི་ནད་ཕོག་པའི་ནད་པ500གཤགས་བཅོས་བྱ་རྒྱུ་ཡིན་པས་ལས་འགན་ཧ་ཅང་ལྗིད་པོ་རེད། དེར་བརྟེན་ཕྱོགས་ལྔའི་ཐད་ལ་ཤུགས་སྣོན་བརྒྱག་དགོས་པ་སྟེ། གཅིག་ནི་སྨན་བཅོས་ཇུས་གཞི་དང་ཞབས་ཞུ་དོ་དམ་སྔར་ལས་འཐུས་ཚང་དུ་གཏང་དགོས། གཉིས་ནི་ཐུམ་འབུའི་ནད་ཀྱི་སྨན་བཅོས་ཞིབ་འཇུག་ཁང་ཡག་པོ་བཙུགས་ནས་ཚན་རིག་ཞིབ་འཇུག་གི་འགག་གནད་སྒྲོལ་རྒྱུར་སྒྲིག་འཛུགས་ཡག་པོ་བྱེད་པ་དང་ཆེད་ལས་ནུས་པ་འདོན་སྤེལ་བྱས་ཤིང་། ཕྱི་ནད་ཚན་ཁག་དང་ཁོང་ནད་ཚན་ཁག་ཟུང་འབྲེལ་བྱ་དགོས། གསུམ་ནི་སྨན་བཅོས་དོ་དམ་གྱི་ནང་རྐྱེན་གསར་གཏོད་བྱས་ནས་སྨན་བཅོས་ཀྱི་བརྒྱུད་རིམ་ཚན་རིག་དང་མཐུན་ཞིང་ཚད་ལྡན་དུ་གཏང་དགོས། བཞི་ནི་སྨན་བཅོས་ཐོན་ཁུངས་སྔར་ལས་སྡེབ་སྒྲིལ་བྱ་དགོས། ལྔ་ནི་སྨན་བཅོས་དང་སྨན་བཅོས་ཉེན་འགོག རོགས་སྐྱོབ་བཅས་གཅིག་འདུས་ཅན་གྱི་ཞབས་ཞུ་ལས་སྟེགས་བཙུགས་ནས་ནད་པར་ཞབས་ཞུ་སྤུས་ལེགས་བྱ་དགོས།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཐད་ནད་ཆེན་པོ་ཁུལ་བརྒལ་ནས་བཅོས་ས་འགྲོ་མི་དགོས་པ་མངོན་འགྱུར་བྱ་རྒྱུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཁྱོན་ཡོངས་ནས་ཉེན་མེད་ཐོན་སྐྱེད་ཀྱི་ལས་ཀ་བཀོད་སྒྲིག་བྱས་ཏེ་འགན་འཁྲི་དོན་འཁྱོལ་བྱས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།