ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་དཀར་མཛེས་ཁུལ2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2016ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད།

        2016-01-21

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཁུལ་མི་དམངས་སྲིད་གཞུང་གིས་བཏོན་པའི《དཀར་མཛེས་ཁུལ2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ》དང2016ལོའི་ཁུལ་ཡོངས་དང་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་ཏེ། ཚོགས་ཆེན་གྱི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་ཞིབ་བཤེར་བྱས་པའི་མཇུག་འབྲས་ཀྱི་སྙན་ཞུ་ལ་ཡིད་མཐུན་བྱས་པ་རེད། ཚོགས་འདུའི་ཐོག2015ལོའི་ཁུལ་རིམ་པ་རང་ཉིད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང2016ལོའི་ཁུལ་རིམ་པ་རང་ཉིད་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་སྤྲད་རྒྱུའི་གྲོས་ཐག་བཅད་པ་རེད།།
  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་དོན》སྐོར་གྱི་གྲོས་ཆོད།
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོས།
  • དོ་སྣང་ཆེ་བའི་རྩོམ།