སྤྱི་ཟླ1པོའི་ཚེས12ཉིན་གྱི་དགོང་མོ།སོ་ཕོ་ཤང་མགོན་པོ་གྲོང་ཚོ་ཞིས་ཀྲིན་བིན་ཁྱིམ་དུ་གློག་ལམ་གྱི་གནད་དོན་ལས་མེ་སྐྱོན་ཐེབས།སྟབས་ལེགས་པ་ཞིག་ལ་མེ་སྐྱོན་གྱིས་ཁྱིམ་མིར་གནོད་པ་ཐེབས་མེད་ཅིང་མེ་སྐྱོན་ཡང་ཚོད་འཛིན་བྱེད་ཐུབ་པ་བྱུང་།འོན་ཀྱང་ཁྱིམ་ནང་གི་ཁྱིམ་སྤྱོད་གློག་ཆས་དང་།ཉལ་གོས།གྱོན་གོས་སོགས་འཚོ་བའི་མཁོ་ཆས་ཚང་མ་ཐལ་བའི་རྡུལ་དུ་གྱུར་ཞིང་དཀའ་ལས་བརྒྱབ་ནས་ལེགས་འགྲུབ་ཟིན་པའི་ཁང་པ་ཡང་སྐད་ཅིག་ལ་ཞིག་རོར་གྱུར།རྫོང་དབུལ་སྐྱོར་དང་ཡུལ་མི་གནས་སྤོས་ཅུས་ཀྱིས་གནས་ཚུལ་དེ་ཤེས་རྗེས་མྱུར་དུ་ས་གནས་དེ་གའི་ཡུལ་ཤོག་དང་གྲོང་ཚོ་ལ་འབྲེལ་གཏུག་བྱས་ཤིང་།འཕྲལ་དུ་མི་སྣ་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་གེགས་སེལ་འཚམས་འདྲིར་ཕྱིན་པ་དང་འཚམས་འདྲིའི་དངུལ་སྒོར2000སྤྲད།དེ་བཞིན་གནོད་འཚེའི་གནས་ཚུལ་བྱུང་བའི་བརྒྱུད་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་།ཁོང་ཚོར་བདེ་འཇགས་དོགས་ཟོན་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་བདེ་འཇགས་ངང་མེ་སྤྱོད་པ་དང་གློག་བཀོལ་བ་བྱས་ཏེ་མ་བྱུང་སྔོན་འགོག་དང་སྐྱོ་གར་བསྐྱར་དུ་མི་ཐོན་པར་ནན་མངག་བྱས་པ་མ་ཟད།ཁོ་ཚོར་དཀའ་ངལ་ལས་དཔའ་མི་ཞུམ་པ་དང་།ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་རོགས་རམ་ཡོད་ཚེ།སྔ་ཙམ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་པར་ཡིད་ཆེས་བརྟན་པོ་བྱེད་དགོས་པར་སྐུལ་མ་གནང་།།