ཉེ་ཆར། རྒྱལ་ཁབ་གློག་དྲྭ་དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་དང་རྒྱལ་ཁབ་གློག་དྲྭ་ཕན་ཀྲི་ཧྭ་གློག་འདོན་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་དུ་རོགས་རེས་མཉམ་འཛུགས་ཀྱི་བྱེད་སྒོ་གསར་སྤེལ་བྱས་ཤིང་། སྤྱི་གཉེར་ཁང་གཉིས་ཀྱི་བཟོ་ཚོགས་ཀྲུའུ་ཞིས་ལས་སྒྲུབ་ཚོ་ཆུང་གི་སྣེ་འཁྲིད་ནས་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་གི་གློག་འདོན་སྤྱི་གཉེར་ཁང་དུ་ཕྱིན་ནས་འཛིན་གྲྭ་དང་ཚོ་ཆུང་འཛུགས་པའི་ལས་ཀར་དམིགས་ནས་རོགས་སྐྱོར་ཁྲིད་སྟོན་བྱས་པ་རེད།
ཕྱག་ཕྲེང་རྫོང་གློག་འདོན་སྤྱི་གཉེར་ཁང་གི་སྐར་རིམ་བཞི་ཅན་གྱི་ཚོང་འགྲུལ་ཞབས་ཞུ་འཛིན་གྲྭ་རུ་ལས་སྒྲུབ་ཚོ་ཆུང་གིས་བཞུགས་མོལ་དང་། འདྲི་རྟོགས། དཔྱད་གཞིའི་ཡིག་རིགས་ལ་ལྟ་ཞིབ། ཡུལ་དངོས་སུ་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཚོ་ཆུང་གི་ད་ལྟའི་དཀའ་ངལ་དང་གནས་ཚུལ་ལ་རྒྱུས་ལོན་བྱས་པས་མ་ཚད། ཡུལ་དངོས་སུ་དཀའ་གནད་སེལ་རོགས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པ་རེད།
བོད་ཁུལ་གྱི་འཛིན་གྲྭ་དང་ཚོ་ཆུང་འཛུགས་པའི་ལས་ཀར་སྐུལ་འདེད་གཏོང་རིང་དུ་རྒྱལ་ཁབ་གློག་དྲྭ་ཕན་ཀྲི་ཧྭ་སྤྱི་གཉེར་ཁང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཁུལ་གྱི་འཛིན་གྲྭ་འཛུགས་སྐྱོང་ལས་ཀར་རོགས་སྐྱོར་བྱེད་པའི་ནང་དོན་གཏིང་ཟབ་དང་། ལག་བསྟར་ཇུས་གཞི་ཞིབ་ཕྲ། དུས་བཅད་ལྟར་ཞིབ་བཤེར་ཁྲིད་སྟོན་བཅས་བྱས་ནས་ནུས་པ་ཇེ་ཆེ་དང་གསར་སྐྲུན་ནུས་ལྡན་བྱས། མ་དངུལ་འཇོག་གང་ཐུབ་བྱས་ནས་འགྲུལ་པའི་ཞབས་ཞུ་འཛིན་གྲྭ་བཙུགས་པ་དང་ཆབས་ཅིག དཀར་མཛེས་ཁུལ་དུ་རྫོང་རིམ་པའི་སྐར་རིམ་བཞི་ཅན་གྱི་འཛིན་གྲྭ་དང་ཚོ་ཆུང་དང་པོ་བཙུགས་ཤིང་། ཞིང་ཆེན་སྤྱི་གཉེར་ཁང་གི་སྐར་རིམ་ལྔ་ཅན་གྱི་འཛིན་གྲྭ་དང་ཚོ་ཆུང་འཛུགས་པར་བརྩོན་ལེན་བྱེད་པའི་རྫོང་རིམ་པའི་སྤྱི་གཉེར་ཁང་དང་པོར་གྱུར་པ་རེད།
ཕན་ཀྲི་ཧྭ་སྤྱི་གཉེར་ཁང་གི་བོད་ཁུལ་དང་རོགས་རེས་བྱས་ཏེ་ཐུན་མོང་ངང་ཁྱིམ་གཞིས་བསྐྲུན་པ་དང་ཕན་ནུས་ལྡན་པའི་སྒོས་རོགས་སྐྱོར་ལས་ཀ་བསྒྲུབས། 2015ལོའི་ཟླ་བ6པར་ཕྱག་ཕྲེང་རྫོང་གློག་འདོན་སྤྱི་གཉེར་ཁང་དུ་ཁུལ་ཡོངས་ཀྱི་འཛིན་གྲྭ་དང་ཚོ་ཆུང་འཛུགས་པའི་ཡུལ་དངོས་སྐུལ་སྤེལ་གྲོས་ཚོགས་འཚོགས་པའི་རྨང་གཞིའི་ཐོག ཕན་ཀྲི་ཧྭ་སྤྱི་གཉེར་ཁང་གིས་ཕྱག་ཕྲེང་དུ་མི་སྣ་ཐེངས་མང་མངགས་ནས་ཡུལ་དངོས་སུ་ཁྲིད་སྟོན་བྱས་ཤིང་། བོད་ཁུལ་གྱི་འཛིན་གྲྭ་དང་ཚོ་ཆུང་འཛུགས་པའི་ལས་ཀར་མགྱོགས་མྱུར་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ་རེད།།