མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་བ་དང་ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ཤེས་བྱ་ཡོངས་ཁྱབ་དང་མཐོར་འདེགས་གཏང་རྒྱུར་ཁག་ཐེག་བྱེད་ཆེད། དཔལ་ཡུལ་རྫོང་གིས་བྱེད་ཐབས་སྤྱད་ནས་ཐུམ་འབུའི་ནད་བྱུང་ཚུལ་གྱི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་གཉེར་བྱས་ནས། ཐུམ་འབུའི་ནད་ཕོག་པ་དང་མཆེད་པར་ཚོད་འཛིན་ནུས་ལྡན་བྱས་པ་རེད།
རྩ་འཛུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོ་དཔོན་གྱི་འགན་བཞེས་པ་དང་། ལས་བགོས་འགོ་ཁྲིད་ཀྱིས་ཚོ་དཔོན་གཞོན་པའི་འགན་བཞེས་ཤིང་། འབྲེལ་ཡོད་སྡེ་ཁག་གི་གྲུབ་མིས་སྡེ་ཚན་བྱས་པའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ། རིམ་པ་ཁག་གི་འགན་ནུས་དང་འགན་འཁྲི་ཇེ་དྲག་ཏུ་བཏང་ཞིང་ལས་ཀའི་འགན་འཁྲི་ཞིབ་ཕྲ་བྱས་པ་དང་། ཁྲིམས་ལུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱོན་ཡོངས་ནས《རིམས་ནད་འགོག་བཅོས་བཅའ་ཁྲིམས》དང་《སྲོག་ཆགས་ཀྱི་རིམས་ནད་བཅའ་ཁྲིམས》།《བཟའ་བཅའ་ཉེན་མེད་ཡོང་བའི་བཅའ་ཁྲིམས》སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས། དངུལ་རྩའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ལས་ཀ་དེ་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས་གོང་རིམ་ལ་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་། དངུལ་རྩ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དངུལ་ཆེད་སྤྱོད་བྱ་རྒྱུ་ཁག་ཐེག་བྱས། རིམས་ནད་བྱུང་ཚུལ་ལྟ་ཞིབ་ཚད་ལེན་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ལྟར་སྲོག་ཆགས་ཀྱི་རིམས་ནད་ཡོངས་ཞིབ་དང་ཐུམ་འབུའི་ནད་བྱུང་ཚུལ་གྱི་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཛུགས་གཉེར་དང་འཐུས་ཚང་བྱས་ནས། དུས་ཐོག་ཏུ་རིམས་ནད་བྱུང་ཚུལ་རྟོགས་ཐུབ་པ་བྱས་ཏེ་འགོག་བཅོས་ལས་ཀར་ཁྲིད་སྟོན་ནུས་ལྡན་བྱས། འགོག་བཅོས་མ་ལག་གི་ནུས་པ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཐུམ་འབུའི་ནད་ཕོག་ཁུལ་གྱི་སྨན་བཅོས་ལྟེ་གནས་བཙུགས་ནས་ནད་བརྟག་དང་སྨན་བཅོས། ཚན་རྩལ་ཞིབ་འཇུག་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད།།