ཉེ་ཆར། རང་ཁུལ་གྱི་ས་གནས་ཁག་གིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་དང་ཁུལ་ཨུ་རྒྱུན་ཨུའི་རྒྱས་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མྱུར་དུ་ལས་ཀར་ཞུགས་པ་དང་གོ་བ་ནན་ཏན་བླངས་པ། བྱེད་ཐབས་མང་པོ་སྤྱད་ནས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས་གྲུབ་འབྲས་ཐོབ་པ་རེད།
དཔལ་ཡུལ་རྫོང་། མགྱོགས་པ་དང་དོན་དངོས། ནན་པོ་བཅས་ཀྱི་བླང་བྱ་མངོན་གསལ་དོད་པོ་བྱས་ཏེ་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། དྲིལ་བསྒྲགས་ལས་ཀ་ཡོངས་སུ་ཁེབས་ཐུབ་པ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཤིང་། རྫོང་དེའི་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་། དུས་ཐོག་ཏུ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མཉམ་འབྲེལ་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས་ནས་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་དང་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་པ་རེད། ཁྱབ་ཁོངས་མང་པོའི་ཐད་ནས་དངོས་དོན་གཉེར་བ་དང་བྱེད་ཐབས་གསར་གཏོད་དང་དོན་འཁྱོལ་བྱ་རྒྱུར་སྣང་ཆེན་བྱས། ཕྱོགས་མང་པོའི་ཐད་ནས་ལྟ་སྐལ་ཞིབ་བཤར་ནན་པོ་བྱ་རྒྱུ་མངོན་གསལ་བྱས་ཏེ་ནང་རྐྱེན་འཐུས་ཚང་བྱས་ཏེ་དོན་འཁྱོལ་ཡོང་བར་འགན་ལེན་བྱས།།
ལྕགས་ཟམ་རྫོང་། ཚོགས་འདུའི་དགོངས་དོན་གྱིས་མཛུབ་སྟོན་བྱས་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱས། ལྕགས་ཟམ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྔ་ཕྱིར་རྒྱུན་ཨུའི་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་འཚོགས་ནས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས་པ་རེད། ཐེངས་དྲུག་པའི་བོད་ཁུལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་དམིགས་ནས་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་པ་རེད། ཏང་ནན་སྐྱོང་རྒྱུན་འཁྱོངས་བྱས་ནས་དོན་འཁྱོལ་ལག་བསྟར་ལ་ཤུགས་སྣོན། གཙོ་གནད་འགག་སྒྲོལ་རྒྱུན་འཁྱོངས་བྱས་ནས་འགག་སྒྲོལ་དཀའ་སེལ་བྱས། བཅོས་བསྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱས་ནས་ཅན་གསུམ་མཉམ་འགུལ་བྱ་རྒྱུར་སྐུལ་འདེད་གཏོང་། མི་རྩ་བར་བཟུང་རྒྱུར་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་བྱེད་གང་ཐུབ་བྱེད། བཅའ་ཁྲིམས་ལྟར་རྫོང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཟབ་སྤེལ་གཏོང།།