རང་ཁུལ་གྱིས་མ་དངུལ་འབོར་ཆེན་བཏང་ནས་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་།

        2014-07-14

ཉེ་ཆར། ཁུལ་རིམ་པའི་ནོར་སྲིད་ཀྱིས་མཐོ་སྒང་གི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏོང་བའི་མ་རྩ་སྒོར་ཁྲི2200བཏང་ནས་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས། དེར་ལྗང་མདོག་གི་སྔོ་ཚལ་དང་སྤུས་ལེགས་ཀྱི་ཡུང་ལེབ། ཆུ་སྔོ། སེའུ་ཆེན་པོ། ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས། སྐྱེ་ཁམས་ཇའི་གནས་གཞི་སྤྲོ་གསེང་ལྟ་སྐོར་ཞིང་ལས་འཛུགས་སྐྲུན་སོགས་རྣམ་གྲངས26གཏོགས་ཤིང་། དར་མདོ་དང་ལྕགས་ཟམ། ཕྱག་ཕྲེང་། འབའ་ཐང་སོགས་རྫོང13དང་དུང་དཀར་ལུང་པའི་དོ་དམ་ཅུས་བཅས་ཚུད་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་པས་རང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་པ་དང་། ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་བྱས་པ་རེད།   སྔར་ལྷག་གིས་མཐོ་སྒང་གི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་ཆེད། ད་ལོར་རང་ཁུལ་ཞིང་ལས་སྡེ་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི2423ཞེས་པའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་བློ་ལྟར་སྤུས་ལེགས་ཀྱི་བཟའ་སྣུམ་དང་ལྗང་མདོག་གི་སྔོ་ཚལ། ཁྱད་ཆོས་ལྡན་པའི་ཤིང་ཏོག  སྐྱེ་ཁམས་ཀྱི་བཟའ་བྱའི་ཤ་མོ། ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས། སྤྲོ་གསེང་ལྟ་སྐོར་ཞིང་ལས་བཅས་ཐོན་ལས་ཆེན་པོ་དྲུག་མངོན་གསལ་དུ་བཏོན་ནས་འཕེལ་རྒྱས་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཤུགས་ཆེན་པོས་ཚོང་པ་ནང་འགུགས་དང་མ་དངུལ་ནང་འདྲེན་གྱི་ཁོར་ཡུག་བཟང་པོ་བསྐྲུན།
  • ལེ་ཚན་རྗེས་མ།:དཀར་མཛེས་ཡན་ལག་དམག་ཁུལ་གྱིས་འགོ་ཁྲིད་ཚོགས་པའི་མི་སྣ་བརྗེ་བསྐོའི་བཀའ་རྒྱ་ཁྱབ་བསྒྲགས་བྱེད་པའི་ཚོགས་ཆེན་འཚོགས།
  • དོ་སྣང་ཆེ་བའི་རྩོམ།