སྨྱུག་འཛིན་པས་དཀར་མཛེས་ཁུལ་སྨན་བཅོས་འགན་སྲུང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔའི་བར་དུ།རང་ཁུལ་གྱིས་རྫོང་རིམ་པའི་སྨན་ཁང་གཉིས་ཆ་གཅིག་གིས་ས་གནས་གཞན་དུ་སྨན་བསྟེན་ན་དུས་ཐོག་ཏུ་སྨན་བཅོས་འགན་སྲུང་བསྡོམས་རྩིས་རྩིས་ཞུ་བྱེད་པའི་སྨན་བསྟེན་བཅོས་བསྒྱུར་ལས་ཀའི་དམིགས་ཡུལ་གྲུབ་པ་རེད།
དམིགས་ཡུལ་ལས་འགན་འདི་ནི་སི་ཁྲོན་ཞིང་ཆེན་གྱི་ས་གནས་གཞན་དུ་སྨན་བསྟེན་སྐབས་ཐད་ཀར་རྩིས་ཞུ་བྱ་རྒྱུའི་རེ་འདུན་ལྟར། རང་ཁུལ་གྱི་རྫོང(གྲོང་ཁྱེར)རིམ་པའི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་བྱེད་མཁན་ལས་ཁུངས་དང་རྫོང་ཁག(གྲོང་ཁྱེར)སོ་སོའི་མི་དམངས་སྨན་ཁང་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མ་ལག་ལེགས་བཅོས་དང་། རེའུ་མིག་ཨང་གྲངས་བང་སྒྲིག དྲྭ་སྦྲེལ་ཚད་ལེན་ཚོད་ལྟ་སོགས་ཀྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་ནན་ཏན་བསྒྲུབས་ཡོད་པ་རེད། ལོ་གཅིག་གི་རིང་ལ་འབད་བརྩོན་བྱས་པར་བརྒྱུད། ལྕགས་ཟམ་དང་ཉག་ཆུ། འབའ་ཐང་། འདབ་པ། བྲག་འགོ དཔལ་ཡུལ། གསེར་ཐར། སྡེ་དགེ དཀར་མཛེས་སོགས་རྫོང་ཁག9ཡི་མི་དམངས་སྨན་ཁང་ལ་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ས་གནས་གཞན་གྱི་བསྡོམས་རྩིས་ལྟེ་གནས་སུ་ཞིབ་དཔྱད་ཚད་ལེན་ཐུབ་ནས་དངོས་སུ་ས་གནས་གཞན་དུ་སྨན་བཅོས་འགན་སྲུང་རྩིས་ཞུ་བྱེད་ཆོག་པའི་གྲས་སུ་ཚུད་པ་རེད།།