ཡེ་ཤེས་ཟླ་བས་དར་མདོ་གྲོང་ཁྱེར་གྱི་དམངས་འཚོ་ལས་གཞི་འཛུགས་སྐྱོང་ལ་བརྟག་དཔྱད་ཞིབ་འཇུག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2015-11-12

ཟླ་བ11པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་སྔོན་རྗེས་སུ་དར་མདོའི་གཡག་ར་ལྟག་སྒོའི་ལུས་རྩལ་ཐང་དང་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཁང་གཉིས་པའི་དམངས་འཚོ་ལས་གྲྭའི་ལས་གཞི་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་རྒྱུ་དང་དམངས་དོན་དུ་སྲིད་དབང་སྐྱོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་ལས་གྲྭའི་འཛུགས་སྐྱོང་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་བྱ་བ་བཟང་པོ་དེ་དོན་དངོས་ཀྱིས་ལེགས་པར་བསྒྲུབ་དགོས་པ་དང་ཏན་ཏིག་གིས་མི་དམངས་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་གཞུག་དགོས་ཞེས་གསུངས། ཡེ་ཤེས་ཟླ་བས་བསྟན་དོན། ལས་གཞི་བདག་པོ་དང་ཨར་ལས་ཚན་པས་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་ལ་གཅེས་སྤྲས་བྱ་དགོས། ཚན་རིག་དང་མཐུན་པའི་ཨར་ལས་དང་ཤེས་དཔལ་ལྡན་པའི་ཨར་ལས་བསྒྲུབས་ཏེ། ཕུལ་དུ་བྱུང་བའི་ཨར་ལས་རྩ་འཛུགས་དང་ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་ནས་འཛུགས་སྐྲུན་སྤུས་ཚད་འགན་ལེན་ཏན་ཏིག་བྱས་ཏེ། དར་མདོའི་གཡག་ར་ལྟག་སྒོའི་ལུས་རྩལ་ཐང་ལས་གཞི་དེ་བསྐྲུན་ནས་མང་ཚོགས་ཀྱི་བདེ་སྐྱིད་མཐོ་རུ་བཏང་བའི་དམངས་སེམས་ལས་གྲྭ་དང་ལས་གྲྭ་ཡག་པོ་ཞིག་བསྐྲུན་ཐུབ་དགོས། 
 དེའི་རྗེས་སུ་ཡེ་ཤེས་ཟླ་བ་དང་བཅས་པས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཁང་གཉིས་པར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།། 
  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་རིམ་གྲས་ཁག་བཞི་བགོས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་བྲག་འགོ་རྫོང་གི་བྲག་འགོ་དགོན་པའི་སྒྲོག་འགྲེལ་ཚོགས་འདུའི་ཐོག་ཏུ་གསུངས་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།