ཟླ་བ11པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་གཙོ་འགན་བཞེས་ཏེ། ཁུལ་ཡོངས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་བརྙན་འཕྲིན་ཚོགས་འདུ་འཚོགས་པ་རེད། ཀྲུང་དབྱང་དང་ཞིང་ཆེན་གྱིས་རང་ཁུལ་དང་ཁྱད་པར་དུ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་ལས་ཀའི་སྐོར་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད།།