འདབ་པ་རྫོང་དུ་ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར།    སི་ཁྲོན་གསར་འགྱུར་དྲ་བ།    2015-10-23

འདབ་པ་རྫོང་དུ་ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་རྒྱུ་རེད།

    སྤྱི་ཟླ་10པའི་ཚེས་18ཉིན་ནས་ཚེས་20ཉིན་བར། སྐབས་དྲུག་པའི་ས་བབ་མཐོ་བའི་མཁའ་རླུང་ཚོམ་འཕྲོ་འཚོལ་ཞིབ་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་ཁྲེན་ཏུའུ་ནས་འཚོགས། ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོ་ཚན་རིག་ཁང་གི་མཐོ་ནུས་དངོས་ལུགས་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་ཤིང་། སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཀྲུང་གོའི་མཐོ་རིམ་ཚན་རིག་ལག་རྩལ་ལྟེ་གནས། ཀྲུང་གོ་ཚན་རིག་ཁང་ཁྲེན་ཏུའུ་ཡན་ལག་ཁང་། སི་ཁྲོན་སློབ་ཆེན་སོགས་ཀྱིས་མཉམ་དུ་གཉེར་བ་ཡིན། ཀྲུང་གོ་དང་། དབྱི་ཐ་ལི། ཧྥ་རན་སེ། ཨ་མེ་རི་ཁ། ཨུ་རུ་སུ། འཇར་པན། རྒྱ་གར་སོགས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ལས་ཁུངས་23ནས་ཡོང་བའི་རིག་གཞུང་གི་འཐུས་མི་ཁྱོན་བསྡོམས་90ལྷག་གི་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་འཕྲོད་བསྟེན་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:སི་ཁྲོན་འདབ་པ་རྫོང་དུ་ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས་འཛུགས་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།