ཞིང་ཆེན་རིག་གནས་ཐིང་གིས་རང་ཁུལ་ལ་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་སྦྱིན།

བདེ་སྐྱིད་ཀྱིས་བསྒྱུར།        2015-10-20

ཟླ་བ10པའི་ཚེས13ཉིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་སྦྱིན་བ་དང་བེད་སྤྱོད་བྱེད་སྟངས་ཀྱི་གསོ་སྦྱོང་ཚོགས་འདུ་དེ་དར་མདོ་གྲོང་ཁྱེར་ལ་འཚོགས་པ་རེད། རང་ཁུལ་ལ་ཁྱོན་བསྡོམས་སྐོར་སྐྱོད་དཔེ་མཛོད་རླངས་འཁོར18སྦྱིན་པ་རེད། ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཞང་ཧྭ་ཆོན་དང་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་སོགས་མཛད་སྒོ་ནང་ཞུགས་པས་མ་ཚད་རྫོང་ཁག﹙གྲོང་ཁྱེར﹚18ལ་རླངས་འཁོར་གྱི་ལྡེ་མིག་སྤྲད་པ་རེད།
 ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྦྱིན་པའི་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་ནི་རྒྱལ་ཁབ་རིག་གནས་པུའུ་དང་ནོར་སྲིད་པུའུ་ཡིས་མ་དངུལ་བཏང་ནས་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་ཉོ་སྒྲུབ་རྩ་འཛུགས་བྱས་ཏེ། གཞི་རིམ་གྱི་དཔེ་མཛོད་ཁང་ལ་གཅིག་གྱུར་གྱིས་བཅོས་སྒྲིག་བྱེད་པའི་དཔེ་མཛོད་རླངས་འཁོར་སྤྲད་པ་རེད། རླངས་འཁོར་ནང་ལག་ཁྱེར་རྩིས་འཕྲུལ་སྒྲིག་སྦྱོར་བྱས་ཡོད་པ་དང་རྩིས་འཁོར་དོ་དམ་ཞབས་ཞུའི་མ་ལག དཔེ་ཁྲི་སོགས་སྒྲིག་སྦྱོར་བྱས་ཏེ་དཔེ་ཆ1500ལྷག་ཙམ་བཞག་ཐུབ་པས་ཀློག་པ་པོའི་ཕྱོགས་གང་ཅིའི་ཐད་ཀྱི་དཔེ་ཆ་ལྟ་ཀློག་གི་རེ་འདོད་བསྐངས་ཐུབ་པ་རེད།
 མཛད་སྒོ་མཇུག་འགྲིལ་རྗེས། ཞིང་ཆེན་རིག་གནས་ཐིང་གི་ལག་རྩལ་མི་སྣས་ལས་ཡུལ་དངོས་སུ་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་གྱི་སྤྱི་པའི་ཞབས་ཞུའི་རྣམ་པ་དང་འཁོར་སྐྱོད་སྲུང་སྐྱོང་སྐོར་གྱི་གསོ་སྦྱོང་བྱས་པ་རེད།། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དབུལ་སྐྱོར་ཉིན་མོར་ཞལ་འདེབས་མ་དངུལ་སྒོར་ཁྲི3733.96ཕུལ།
  • ལེ་ཚན་རྗེས་མ།:དར་མདོ་སློབ་འབྲིང་གིས་ཕུལ་བྱུང་ཐུན་མོང་དང་སློབ་མར་གཟེངས་བསྟོད་བྱས།
  • དོ་སྣང་ཆེ་བའི་རྩོམ།