ཉག་རོང་རྫོང་གིས་ཉེན་ཆེའི་རྫས་འགྱུར་ཐོན་རྫས་ཉེན་མེད་ཐོན་སྐྱེད་ཡོང་བའི་ལྟ་ཞིབ་ལས་ཀར་དམ་འཛིན་བྱས།

དབྱངས་ཅན་གྱིས་བསྒྱུར།        2015-10-14

ཉེ་ཆར། ཉེན་མེད་ལས་ཀ་ཡག་པོ་བསྒྲུབ་ཆེད། ཉག་རོང་རྫོང་གི་བདེ་འཇགས་ལྟ་སྐུལ་དང་། སྡོད་ཁང་འཛུགས་སྐྲུན། འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། མེ་གསོད། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་བསྒྲགས་སོགས་སྡེ་ཚན་གྱི་འགན་ཁུར་མི་སྣ་གཙོ་བོ་དང་ཁྲིམས་འཛིན་མི་སྣ་ལས་གྲུབ་པའི་ཞིབ་བཤེར་ཚོ་ཆུང་གིས་སྔོན་རྗེས་སུ་ཉག་རོང་རྫོང་མི་རིགས་ཉོ་ཚོང་ཁང་གི་སྣུམ་སྣོན་ས་ཚུགས་དང་གཤེར་རླངས་གསོག་ཉར་མཛོད་ཁང་སོགས་ཚོང་གཉེར་སྡེ་ཚན8ལ་ཉེན་མེད་ཐོན་སྐྱེད་ཀྱི་ལྟ་སྐུལ་ཞིབ་བཤེར་ལས་ཀ་སྤེལ་བ་རེད།ཞིབ་བཤེར་བྱས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་གནད་དོན་ལ་དམིགས་ནས། ཞིབ་བཤེར་ཚོ་ཆུང་གིས་རྫོང་དེའི་བདེ་འཇགས་ལྟ་སྐུལ་ཅུས་ཀྱིས་བཀྲམ་པའི་འགན་དཀྲིས་ནས་དག་བཅོས་བྱ་དགོས་པའི་བཀའ་ཡིག་ལྟར་དག་བཅོས་བྱ་དགོས་པ་དང་། གཤེར་རླངས་གསོག་ཉར་མཛོད་ཁང་འཛུགས་ཡུལ་ཚུལ་དང་མི་མཐུན་པ་དང་། རླུང་ལམ་ཐོགས་མེད་ངང་གཏོང་མི་ནུས་པ། དོ་དམ་དང་ལམ་ལུགས་ཚད་ལྡན་མིན་པ། གསོག་ཉར་བྱེད་སྟངས་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་རབ་དང་རིམ་པར་དམིགས་ནས། སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་དུས་ཐོག་ཏུ་དག་བཅོས་བྱེད་སྟངས་འཆར་འགོད་བྱས་ཏེ་ལས་བགོས་འགན་གཉེར་གྱི་འགོ་ཁྲིད་ལ་ཞུས་ནས་ཞིབ་བཤེར་གཏན་འབེབས་བྱས་རྗེས་ལག་བསྟར་བྱ་དགོས་པ་དང་། རྫོང་དེའི་མི་རིགས་ཉོ་ཚོང་སྤྱི་གཉེར་ཁང་གི་སྣུམ་སྣོན་ས་ཚུགས་ཀྱིས་སྣུམ་སྣོན་ཐོ་འགོད་བྱེད་རིང་དུ་ཐོན་པའི་གནད་དོན་དང་། རྫོང་དེའི་ཝུན་ཆང་དབྱང་ཆུའེ་ཚོང་གཉེར་མཛོད་ཁང་གི་བཀོད་སྒྲིག་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐད་དུས་བཅད་ལྟར་དག་བཅོས་བྱ་དགོས་པའི་རེ་བ་བཏོན། ལྟ་ཞིབ་བྱས་པར་བརྒྱུད། རྫོང་དེའི་ཚོང་གཉེར་སྡེ་ཁག་སོ་སོས་སྔར་ལྷག་གིས་བདེ་འཇགས་ཨང་དང་པོ་དང་། སྔོན་འགོག་གཙོ་བོ། ཕྱོགས་བསྡུས་བདག་སྐྱོང་བཅས་ཀྱི་འདུ་ཤེས་བཅངས་ནས། ཏན་ཏིག་གིས་ཁེ་ལས་ཉེན་མེད་ཐོན་སྐྱེད་ཡོང་བའི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ནས་ཐོན་སྐྱེད་ཉེན་མེད་ཡོང་བར་ཁག་ཐེག་བྱས་པ་རེད།།
  • ལེ་ཚན་སྔོན་མ།:ཕྱག་ཕྲེང་རྫོང་གི་ཆང་བསྙལ་རྒུན་འབྲུམ་ཐོན་ལེགས་བྱུང་།
  • ལེ་ཚན་རྗེས་མ།:དབྱི་ལི་ཡིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།