ཟླ་བ10པའི་ཚེས1ཉིན་ནས་བཟུང་ལག་ཁྱེར་གསུམ་གཅིག་གྱུར་གྱི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ལག་ལེན་བསྟར།
བདེ་སྐྱིད་ཀྱིས། 2015-10-13
ད་ལོའི་ཟླ་བ10པའི་ཚེས1ཉིན་ནས་བཟུང་། རང་རྒྱལ་གྱི་ཚོང་དོན་ལམ་ལུགས་བཅོས་བསྒྱུར་ཐད་གོམ་གང་མདུན་དུ་སྤོས་པ་རེད། རྒྱལ་ཡོངས་སུ་ཁེ་ལས་ཐོ་འགོད་ཀྱི་ལག་ཁྱེར་གསུམ་དེ་གཅིག་གྱུར་བྱས་པའི་ཐོ་འགོད་ལམ་ལུགས་ལག་ལེན་བྱས་པས། ཁེ་ལས་ཐོ་འགོད་བྱེད་དུས་བཟོ་ཚོང་དང་སྤུས་ཚད་ལྟ་སྐུལ་ཞིབ་བཤེར། ཁྲལ་དོན་སྡེ་ཚན་གསུམ་གྱིས་མི་འདྲ་བའི་ལག་ཁྱེར་དཔྱད་སྤྲོད་བྱེད་མི་དགོས་པ་གཅིག་གྱུར་གྱི་ཚབ་རྟགས་ཨང་གྲངས་བསྣན་ཡོད་པའི་ལས་གཉེར་འཛིན་ཡིག་བླངས་ན་ཆོག་པ་རེད།།