ཝང་ཡན་ཧྥེ་ཡིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
ལྷ་འཛོམས་ཀྱིས་བསྒྱུར། 2015-09-24
ཟླ་བ9པའི་ཚེས16ནས17ཉིན་བར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཡན་ཧྥེ་རང་ཁུལ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་སྐབས་རིམ་པ་ཁག་གི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ངེས་པར་དུ་འགན་འཁྲི་གཉིས་དོན་འཁྱོལ་ཡག་མོ་བྱས་ནས་མང་ཚོགས་ཀྱི་ཁྲོད་དུ་བུད་པའི་སྤྱོད་ངན་བཞི་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། སེམས་ཐག་གཙང་བཅད་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་། རྒྱུན་ཆད་མེད་པར་བོད་ཁུལ་གྱི་གཞི་རིམ་རྨང་གཞི་སྲ་བརྟན་གཏོང་བ་བཅས་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་དབྱང་རྣམ་གཉིས་ཀྱིས་ཕེབས་རོགས་མཛད་དེ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།ཉིན་གཉིས་ལ་བརྟག་དཔྱད་ཞིབ་འཇུག་གནང་བའི་སྐབས་སུ། ཝང་ཡན་ཧྥེ་ལྷན་ཕེབས་དང་བཅས་པས་སྔོན་རྗེས་སུ་འདབ་པ་རྫོང་གསུམ་འདུས་གྲོང་རྡལ་དང་འདབ་པ་རྫོང་ཁྲིམས་འཛིན་ཅུས། འདབ་པ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། ལི་ཐང་རྫོང་ལི་ཐང་དགོན་པ། ཉག་ཆུ་རྫོང་མཁར་རིང་པོ་ཤང་རི་རྒྱུད་གྲོང་སྡེ།དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་ལྕམ་པ་གྲོང་སྡེ།དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་གྱི་རྒྱུན་དྭངས་ཆུ་མིག་འདུས་སྡེ་སོགས་ཀྱི་ས་གནས་ལ་ཕེབས་ནས་མང་ཚོགས་ཀྱི་ཁྲོད་དུ་བུད་པའི་སྤྱོད་ངན་བཞི་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་དང་འགན་འཁྲི་གཉིས་དོན་འཁྱོལ་བྱས། གསུམ་ལེགས་སྒྱུར་དང་རྫོང་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་བཅོས་བསྒྱུར། མང་ཚོགས་ལས་ཀ དར་མདོར་ན་ནིང་ལོའི་ཟླ་བ11པའི་ཚེས22ཉིན་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཉམས་གསོ་ལ་ལྟ་སྐུལ་ཞིབ་བཤེར་ལས་ཀ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད། གཞི་རིམ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱེད་མཁན་ལས་བྱེད་པར་འཚམས་འདྲི་གནང་བ་རེད།ཝང་ཡན་ཧྥེ་ཡིས་ནན་གསུང་གནང་དོན། མང་ཚོགས་ཀྱི་ཁྲོད་དུ་བུད་པའི་སྤྱོད་ངན་བཞི་དང་རུལ་སུངས་ཀྱི་གནད་དོན་དེ་ཚོ་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། ཏང་ཡོན་དང་མང་ཚོགས་བར། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་གཏོང་བ། ཏང་གི་སྲིད་འཛིན་གྱི་རྨང་གཞིར་གཡོ་འགུལ་གཏོང་བ་བཅས་ཡིན་པས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་ནན་གསུམ་དྲང་གསུམ་གྱི་བླང་བྱ་ལྟར་ཏན་ཏིག་གིས་སྤྱོད་ཚུལ་ལེགས་སྒྱུར་དང་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ལ་དངོས་བསྒྲུབ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་དེ་སེམས་ལ་བཅངས་ནས་ཕྱིར་གསལ་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱོད་ཚུལ་དག་ཐེར་དང་སྒྲིག་ལམ་ཇེ་དམ་དུ་བཏང་ཞིང་། ཤུགས་ཆེན་པོས་མང་ཚོགས་ཀྱི་ཁྲོད་དུ་བུད་པའི་སྤྱོད་ངན་བཞི་དང་རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱ་དགོས།།