འབའ་ཐང་རྫོང་ཧོང་ཞིན་ཐིང་དམར་དམག་སློབ་ཆུང་གི་སྒོ་བྱང་བཀལ།

སྐལ་ཐུབ་དང་དངོས་གྲུབ་སྒྲོལ་མས་བསྒྱུར།        2015-09-21

ཟླ་བ9པའི་ཚེས10ཉིན། རྒྱལ་ཡོངས་དམག་དམར་སློབ་ཆུང་འཛུགས་སྐྲུན་ཨར་ལས་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོའི་བཟོ་ཞིང་དམག་དམར་འབའ་ཐང་ཧོང་ཞིན་ཐིང་དམག་དམར་སློབ་ཆུང་ལ་སྒོ་བྱང་སྦྱིན་པ་རེད། བྱེད་སྒོ་གཙོ་གཉེར་བྱེད་མཁན་གྱིས་དམག་དམར་སློབ་ཆུང་ལ་སློབ་དར་དང་སློབ་གྲྭའི་སྒོ་བྱང་སྦྱིན་པ་དང་། དམག་སྤྱི་ཧོ་ལུང་མདུན་གྱི་དམག་དཔོན་དཔའ་བོ་ཧོང་ཞིན་ཐིང་གི་བུ་ཧོང་ཞའོ་ཧུའུ་སོགས་བྱང་སྦྱིན་མཛད་སྒོར་ཞུགས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། 1936ལོར་དམག་སྤྱི་ཧོ་ལུང་གིས་དབུ་ཁྲིད་པའི་དམག་དམར་གྱི་འབུམ་ཤོག་གཉིས་པའི་ཁྲི་ཤོག་བཞི་པ་འབའ་ཐང་རྫོང་གི་གདམ་པ་ཤང་དུ་བརྒྱུད་པའི་ཚེ། ས་གནས་དེ་གར་ཉིན་ཁ་ཤས་བཅའ་སྡོད་བྱས་པ་རེད། དེའི་རིང་ལ་དམག་དམར་གྱི་ཆབ་སྲིད་ཀྱི་སྒྲིག་ལམ་དམ་པོ་དང་ཡ་རབས་ཀྱི་བྱ་སྤྱོད་པས་མི་སེར་ཚོ་སེམས་འགུལ་ཐེབས་སུ་བཅུག་པས་ས་གནས་དེ་གའི་མང་ཚོགས་ཀྱིས་དམག་དམར་ལ་ཤིང་དང་ཆུ། འབྲུ་རིགས་བཅས་བསྐྱལ་ནས་དམག་དམར་དང་མཛའ་བརྩེ་ཟབ་མོ་ཆགས་པ་རེད། དམག་སྤྱི་ཧོ་ལུང་གྱེས་ཕེབས་གནང་ཁར་དགོན་པའི་གྱང་ངོས་སུ་ཕྱག་བྲིས་གནང་སྟེ་ལོ་རྒྱུས་འདི་མི་བརྗེད་པའི་ཟིན་ཐོར་བཀོད་པ་རེད།དམག་དམར་གྱི་ལོ་རྒྱུས་འདིར་དྲན་གསོ་བྱེད་པ་དང་དམག་དམར་རྗེས་ཤུལ་བཙལ་ཏེ་ས་གནས་དེ་གའི་ན་ཆུང་གིས་དམག་དམར་གྱི་སློབ་གསོ་དང་ལེན་བྱ་ཆེད་འབའ་ཐང་རྫོང་ཨུ་དང་སྲིད་གཞུང་གིས་རྒྱལ་ཡོངས་དམག་དམར་སློབ་ཆུང་འཛུགས་སྐྲུན་ཨར་ལས་ལས་འཛིན་ལྷན་ཚོགས་ལ་གདམ་པ་སློབ་ཆུང་དེ་དམག་དམར་སློབ་ཆུང་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་བྱས་པ་རེད། ལས་ཀ་འདིར་དམག་དཔོན་ཧོང་ཞིན་ཐིང་གི་བུ་རྒྱུད་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་པར་མ་ཟད2013ལོར་ཆོག་མཆན་ལོན་པ་རེད།གདམ་པ་སློབ་ཆུང་གི་སློབ་གཙོ་རྣམ་རྒྱལ་གྱིས་ཀྲུང་གོའི་བཟོ་ཞིང་དམག་དམར་འབའ་ཐང་ཧོང་ཞིན་ཐིང་དམག་དམར་སློབ་ཆུང་ལ་མིང་བཏགས་བྱས་པ་དེས་གསར་བརྗེའི་སྲོལ་རྒྱུན་དང་དམག་དམར་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། ཁྱད་ཆོས་ལྡན་པའི་ཀུན་སྤྱོད་སློབ་གསོའི་རིག་གནས་འཛུགས་སྐྱོང་བྱེད་ཅིང་། དམག་དམར་སློབ་གསོའི་མཚན་སྙན་གྲགས་ཅན་བསྐྲུན་པ་དང་། བྱང་ཚད་སློབ་གསོའི་ཆུ་ཚད་མཐོ་འདེགས་གཏོང་བ་བཅས་ལ་སྐུལ་འདེད་ནུས་པ་ཆེན་པོ་འདོན་ཐུབ་པ་རེད་ཅེས་བཤད་པ་རེད།
  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དྲིལ་བསྒྲགས་དང་རིག་གནས་ལས་ཁུངས་ལ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:དཔལ་ཡུལ་སྐོར་བྲོ་དུས་ཆེན་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།