དཀར་མཛེས་རྫོང་གིས་ནོར་རྩིས་མི་སྣར་གསོ་སྦྱོང་བྱས།

ཡེ་ཤེས་ཕན་བདེ།        2015-09-15

དཀར་མཛེས་རྫོང་གི་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ནོར་སྲིད་ཅུས་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ཏ་ཀྲུའུ་ཡི་དགེ་རྒན་དབྱང་ཅུན་གདན་འདྲེན་ཞུས་ཏེ། དཀར་མཛེས་རྫོང་གི་ནོར་རྩིས་མི་སྣ120ལྷག་ལ་གཟའ་འཁོར་གཅིག་གི་རིང་ལ་གསོ་སྦྱོང་བྱས་པ་རེད།
 དགེ་རྒན་དབྱང་ཅུན་གྱིས་དཀར་མཛེས་རྫོང་གི་ནོར་སྲིད་ཐད་ཀྱི་དོགས་གནད་དང་ནོར་རྩིས་མི་སྣས་ནོར་རྩིས་ལས་ཀ་སྒྲུབ་སྐབས་ཀྱི་དཀའ་ངལ་བཅས་ལ་གཙོ་བོར་དམིགས་ནས་འཆད་ཁྲིད་གནང་བས་མ་ཚད། ནམ་རྒྱུན་ནོར་རྩིས་ཐད་སྤྱོད་དགོས་ཆེ་བའི་ལས་སྒོ་དང་ལོ་མཇུག་བསྡོམས་རྩིས་སྐབས་སུ་དོ་སྣང་བྱ་དགོས་པའི་དོན་ཚན་སོགས་ལ་འགྲེལ་བཤད་གསལ་པོ་གནང་བ་རེད།།
  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་དམངས་འཚོར་དོ་ཁུར་བྱས་ཏེ་དམངས་སེམས་གསོ།
  • དོ་སྣང་ཆེ་བའི་རྩོམ།