སྡེ་དགེ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོིགས་ཀྱིས་དབང་པོ་སྐྱོན་ཅན་ཕྲུ་གུར་བརྩེ་སེམས་བཅངས།

དབྱངས་ཅན་གྱིས།        2015-09-10

སྡེ་དགེ་རྫོང་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུའི་བདེ་ཐང་སླར་གསོའི་རོགས་སྐྱོར་ལས་ཀ་ཧུར་ཐག་ངང་སྤེལ་བ་རེད།
 རྫོང་དེས་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་དེ་བས་མང་པོར་རོགས་སྐྱོར་བྱེད་ཐུབ་པའི་ཆེད་དུ། ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ལས་འཛིན་ལྷན་ཚོགས། དཀར་མཛེས་ཁུལ་རྒྱ་གྲམ་དམར་པོའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞིབ་འཇུག་དང་བཀོད་སྒྲིག་གཅིག་གྱུར་བྱས་ཏེ། ཉེ་ཆར་འཇམ་དབྱངས་ལྷ་མོ་སོགས་རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུ12དཀར་མཛེས་རྫོང་དུ་ཁྲིད་ནས་རོགས་འདེགས་ཡོ་བྱད་འཕྲོད་མིན་ཐད་དཔྱད་དཔོག་བྱས་པ་རེད།
 རོགས་འདེགས་ཡོ་བྱད་འཕྲོད་མིན་ཐད་ཀྱི་དཔྱད་དཔོག་ལས་ཀ་ཡག་པོ་བསྒྲུབ་ཆེད། གོང་རིམ་སྡེ་ཁག་གི་རེ་འདུན་ལྟར། རྫོང་དེས་ཤང་དང་གྲོང་རྡལ26གི་རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུ་ལ་ཞིབ་བཤེར་དང་བསྡོམས་རྩིས་བརྒྱབ་ནས། རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུར་རོགས་འདེགས་ཡོ་བྱད་འཕྲོད་མིན་དང་དྲིལ་བསྒྲགས་ལས་ཀ་ཡག་པོ་སྤེལ་བར་མ་ཟད། ཉེ་ཆར་ཤང་དང་གྲོང་རྡལ་སོ་སོའི་རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་གྱི་ཁྱིམ་བདག་སྒྲིག་འཛུགས་བྱས་ཏེ་དཀར་མཛེས་རྫོང་དུ་ཕྱིན་ནས་ཞིབ་བཤེར་དང་རོགས་འདེགས་ཡོ་བྱད་མཐུན་སྦྱོར་བྱེད་པའི་ལས་ཀ་བསྒྲུབས་པ་རེད། ཉེ་ཆར་བརྒྱད་གཅིག་བདེ་ཐང་ཁང་གི་ཆེད་རམས་པས་རིག་ཉམས་ཅན་དང་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུར་ཞིབ་བཤེར་ཞིབ་ཕྲ་བྱས་པར་བརྒྱུད། ཆ་རྐྱེན་དང་མཐུན་པའི་ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུ་ལ་རོགས་འདེགས་ཡོ་བྱད་སྒྲིག་སྦྱོར་བྱས་པ་རེད།
 ཀླད་རྩར་སྐྱོན་ཕོག་པའི་ཕྲུ་གུའི་ཁྱིམ་བདག་གིས་ཐེངས་འདིའི་བྱེད་སྒོ་ལ་ཧ་ཅང་ཡི་རང་ཞིང་། རྫོང་དེའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞབས་ཞུ་ལས་ཀར་གདེང་འཇོག་མཐོན་པོ་བྱས་པ་རེད།། 
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་མཚོན་ཆ་བསྡུས་པ་དང་འབར་རྫས་འགོག་བཅོས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ཉེན་མེད་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལས་ཀར་ཞིབ་བཤེར་བྱས།
  • དོ་སྣང་ཆེ་བའི་རྩོམ།