རིམ་པ་གསུམ་མཉམ་འབྲེལ་བྱས་ཏེ་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་།
ཞིང་ཆེན་རྩ་འཛུགས་པུའུ་ཡིས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག ཁུལ་དང་རྫོང་། ཆ་སྒྲིག་རོགས་སྐྱོར་བྱེད་མཁན་ལས་ཁུངས་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ལྟ་ཞིབ་ནང་རྐྱེན་འཛུགས་པ་དང་། ཁུལ་རིམ་པས་གཙོ་གནད་དུ་ལྟ་ཞིབ་བྱས་ཏེ་ལྟ་ཞིབ་ལས་ཀ་ཡག་པོ་བསྒྲུབ་རྒྱུར་ཁག་ཐེག་བྱས། རྫོང་རིམ་པས་ཁྱོན་ཡོངས་སུ་ལྟ་ཞིབ་བྱས་ཏེ་ལྟ་ཞིབ་ལས་ཀ་ཡོངས་སུ་ཁེབས་པར་ཁག་ཐེག་བྱས། ཆ་སྒྲིག་རོགས་སྐྱོར་ལས་ཁུངས་ཀྱིས་རྗེད་འདེད་ལྟ་ཞིབ་བྱས་ཏེ་དཀའ་གནད་དག་བཅོས་བྱ་རྒྱུར་ཕན་འབྲས་ཐོབ་པར་ཁག་ཐེག་བྱས་པ་རེད།
རིམ་པ་གསུམ་མཉམ་འབྲེལ་བྱས་ཏེ་ཁ་བརྡ་ལབ་རེས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་།
མིག་སྔར། ཁུལ་ཨུའི་འགོ་ཁྲིད་ཀྱིས་རྫོང་ཨུའི་ཧུའུ་ཅི་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མིའི་ཐེངས་གྲངས35དང་དུས་བཏབ་ནས་ཁ་བརྡ་བྱས་པ་དང་། རྫོང་ཨུའི་ཧྲུའུ་ཅི་དང་རྩ་འཛུསག་པུའུ་ཡི་པུའུ་ཀྲང་གིས་ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་མིའི་ཐེངས་གྲངས400ལྷག་དང་དུས་བཏབ་ནས་ཁ་བརྡ་བྱས། ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་མིའི་ཐེངས་གྲངས1180ལྷག་དང་དུས་བཏབ་ནས་ཁ་བརྡ་ལབ་རེས་བྱས་པ་རེད།
འདྲ་མཉམ་གསུམ་གྱི་ཐོག་ནས་འགན་འཁྲི་འདྲི་རྟོགས་བྱེད་ཤུགས་ཆེ་རུ་བཏང་།
རྫོང་དང་། ཤང་། གྲོང་སྡེ་བཅས་རིམ་པ་གསུམ་ལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་མཐོང་ཆེན་མི་བྱེད་པ་དང་། ས་ཁོངས་རང་ཉིད་དང་ཡང་ན་འབྲེལ་འདྲིས་བྱེད་སའི་ཤང་དང་གྲོང་སྡེའི་གཅིག་བསྡུས་དག་ཐེར་ལས་ཀར་རང་ཉིད་ཀྱིས་དངོས་སུ་ཞིབ་འཇུག་དང་ཁྲིད་སྟོད་མི་བྱེད་པ། ལས་བྱེད་པ་དང་ལས་བཟོ་ཚོས་དག་ཐེར་ལེགས་སྒྲིག་གི་ལས་ཀ་གསལ་པོ་མི་ཤེས་པ་དང་། ཤང་དང་གྲོང་སྡེ་རང་ཉིད་ཀྱི་དག་ཐེར་ལེགས་སྒྲིག་བྱས་ཚུལ་ལ་ཆ་རྒྱུས་མེད་པ། ལས་ཁུངས་ཀྱི་ཀྲི་པུའུ་ཡིས་མི་སྣ་མངགས་ནས་ཆ་སྒྲིག་རོགས་སྐྱོར་གྱི་གྲོང་སྡེའི་དག་ཐེར་ལེགས་སྒྲིག་གི་ཁྲིད་སྟོན་ལས་ཀའི་ནང་ཞུགས་མེད་པ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་ཡི་སྐོར་ཞིབ་དང་ལྟ་སྐུལ་ཁྲིད་སྟོད་ཚོ་ཆུང་གིས་མིང་བཏོན་ནས་བརྡ་ཁྱབ་གཏོང་བའམ་དམིགས་འཛུགས་ཀྱིས་མིང་བཏོན་ནས་དག་བཅོས་བྱ་དགོས་པའི་བཀའ་ཕབ་པ། བརྡ་ཁྱབ་གཏོང་བའི་གནད་དོན་ལ་ཁྲལ་མངོན་སླ་བཅོས་ཙམ་བྱས་ཏེ་དུས་ཐོག་ཏུ་ལེགས་བཅོས་བྱས་པའི་གནས་ཚུལ་གོང་རིམ་ལ་ཡར་ཞུ་བྱས་མེད་པའི་གནད་དོན་རིགས་ལྔ་ལ་འདྲ་མཚུངས་གསུམ་གྱི་ཐོག་ནས་ལེགས་བཅོས་དང་འགན་འཁྲི་འདྲི་རྟོགས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས། དེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་འགན་འཁྲི་ཁུར་མཁན་ལ་འདྲ་མཚུངས་ཀྱི་སྒོ་ནས་ཁུལ་ཡོངས་སུ་མིང་བཏོན་ནས་བརྡ་ཁྱབ་གཏང་དགོས་པར་མ་ཟད་རིམ་པ་བཞིན་དུ་དུས་བཏབ་ནས་སློབ་གསོ་བརྒྱག་དགོས་པ་དང་། འདྲ་མཚུངས་ཀྱི་གནས་ཚུལ་ཡང་ནས་ཡང་དུ་བྱུང་ན་འདྲ་མཚུངས་ཀྱི་སྒོས་འབྲེལ་ཡོད་འགན་ཁུར་མི་སྣ་དང་དེ་ཡོད་སའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡི་གོ་གནས་རང་སར་འཐེན་དགོས།གནས་པའི་གནད་དོན་ལ་ལེགས་བཅོས་ཡག་པོ་བྱས་མེད་པ་དང་།དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་དེ་རྩིས་སྤྲོད་བྱེད་ཐབས་མེད་མཁན་ལ། འདྲ་མཚུངས་ཀྱི་སྒོ་ནས་ཞིབ་བཤེར་རྩིས་ལེན་བྱེད་མི་ཆོག་པ་དང་། ལོ་དེའི་ཏང་འཛུགས་དམིགས་ཡུལ་ཐད་ལས་ཀ་གཅིག་ཡག་པོ་བསྒྲུབ་མེད་ན་ལས་ཀ་ཚང་མ་དམིགས་ཚད་དཔྱད་གཞིའི་ནང་ཞུགས་མི་ཐུབ་པའི་ལམ་ལུགས་ལག་བསྟར་བྱེད་པ། འགན་ཁུར་མི་སྣ་བརྗེ་རེས་དང་གོ་གནས་སྤར་རྒྱུ་མེད་པ་རེད།
ཕྱོགས་གསུམ་གྱི་ཐད་ནས་ཕན་ཚུན་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་འཐོབ་ཏུ་བཅུག
རྫོང་དང(གྲོང་ཁྱེར)ཏང་ཨུའི་རྩ་འཛུགས་པུའུ་ཀྲང་དང་། ཤང་དང་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི100ལྷག་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་དང་ཚང་ཞི་རྫོང་དུ་ཕྱིན་ནས་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཤང་དང་གྲོང་སྡེའི་ལས་བྱེད་པ་ཕྱིར་ཕྱོགས་སུ་སློབ་སྦྱོང་བྱེད་མཁན་ཚན་པ་ཐེངས23སྒྲིག་འཛུགས་བྱས། ཁུལ་དང་རྫོང་གིས་ཁག་དབྱེ་ནས་ས་ཁུལ་གྱི་ཡུལ་དངོས་སུ་སྐུལ་སྤེལ་གཏོང་བའི་གྲོས་ཚོགས་ཐེངས28འཚོགས་ནས་ཁུལ་ནང་གི་གཉིས་སྐུལ་གཉིས་སྤེལ་བྱ་རྒྱུ་སྐུལ་འདེད་བཏང་། བྱ་སྤྱོད་དལ་བ་དང་དག་ཐེར་ལེགས་སྒྲིག་གི་ཕན་འབྲས་ཞན་པའི་ཤང་དང་གྲོང་སྡེ་འགའ་ཤས་ལ་དམིགས་ནས། ཡུལ་དངོས་སུ་དཔྱད་བསྡུར་གྲོས་ཚོགས་དང་ཞིབ་བསྡུར་བསམ་གཞིག་གི་གྲོས་ཚོགས་ཐེངས60འཚོགས་ཏེ་གནད་དོན་གསལ་སྟོན་བྱས་པ་དང་དག་ཐེར་ལེགས་བཅོས་ཀྱི་དོན་འཁྱོལ་ལས་ཀར་བྱེད་ཕྱོགས་དང་། དམིགས་ཡུལ། བྱེད་ཐབས་བཅས་ཡོད་པར་ཁག་ཐེག་བྱས་པ་རེད།།