ཉག་རོང་རྫོང་གིས་གྲོང་གསེབ་ཀྱི་ཁྱིམ་སྲུང་བྱིས་པར་གཅེས་སྐྱོང་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2015-08-27

ཉག་རོང་རྫོང་གིས་གྲོང་གསེབ་ཀྱི་ཁྱིམ་སྲུང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཧ་ཅང་དོ་སྣང་བྱས་པ་རེད། ཉེ་ཆར། རྫོང་དེས་ནུས་ལྡན་གྱི་བྱེད་ཐབས་ཀྱིས་ཕྱོགས་སོ་སོའི་གྲོང་གསེབ་ཀྱི་ཁྱིམ་སྲུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་རེད།རྫོང་དེས་ཁྱིམ་སྲུང་བྱིས་པ་སོ་སོར་ཐུགས་ཁུར་དང་གཅེས་སྐྱོང་བྱང་བུའི་བདེ་ཐང་ཡིག་ཚགས་བཟོས་པ་དང་། ཁྱིམ་སྲུང་བྱིས་པའི་གནས་ཚུལ་ཞིབ་ཕྲ་ཐོ་འགོད་བྱས་པར་མ་ཟད། ལྟ་སྐྱོང་བྱེད་མཁན་ལ་ཁྱིམ་དང་སློབ་གྲྭ་བར་འབྲེལ་བ་བྱེད་སའི་བྱང་བུ་བྱིན་ནས་འགུལ་ཚུལ་དོ་དམ་ལག་བསྟར་བྱས་པར་མ་ཟད། དུས་ཐོག་ཏུ་ཟིན་བྲིས་ནང་དོན་ཁ་གསབ་དང་གསར་བསྒྱུར་བྱས་པ་རེད།བསམ་བློ་དང་སློབ་སྦྱོང་། འཚོ་བ་བཅས་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཁྱིམ་སྲུང་བྱིས་པ་ཡོད་སའི་སློབ་གྲྭའི་དགེ་རྒན་དང་ལས་བཟོ། ཁྱིམ་སྲུང་བྱིས་པའི་བར་ལ་གཅིག་གིས་གཅིག་རོགས་ཀྱི་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། སློབ་གྲྭར་བསྡད་མེད་པའི་ཁྱིམ་སྲུང་བྱིས་པར་དུས་བཀག་ནང་ལྟ་སར་ཕྱིན་ལ་དུས་ཐོག་ཏུ་བྱིས་པའི་སློབ་གྲྭའི་ནང་གི་གནས་ཚུལ་ཕྱི་ལྡོག་བྱས་ནས་བྱིས་པ་དེ་ཚོ་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་མཁན་སློབ་དཔོན་གྱི་འགན་ཁུར་བ་རེད།དུས་ཆེན་དང་གུང་གསེང་སྐབས་སུ་ཁྱིམ་སྲུང་བྱིས་པར་ཁྱིམ་ཚང་གིས་དོ་དམ་སློབ་གསོ་ཡག་པོ་མི་ཐོན་པ་དང་སློབ་གྲྭའི་དོ་དམ་སློབ་གསོ་བྱ་རྒྱུ་མི་རག་པའི་བར་གསེབ་དུས་རིམ་མི་ཡོང་བའི་ཆེད་དུ། རྫོང་དེས་དགེ་རྒན་ཚོ་ངལ་གསོ་ཉིན་གཉིས་སམ་དུས་ཆེན་དང་གུང་གསེང་སྐབས་སུ་ཁྱིམ་དུ་སོང་ནས་ཁྱིམ་སྲུང་བྱིས་པར་ཟུར་ཁྲིད་བྱས་པ་དང་། ཐུགས་ཁུར་དང་གཅེས་སྐྱོང་བྱས་པ་རེད།རྫོང་དེས་འཐུས་སྒོ་ཚང་བའི་ཉེན་མེད་སློབ་གསོ་དང་དོ་དམ་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་རྫོང་སློབ་གསོ་སྡེ་ཁག་ནས་སློབ་གྲྭའི་བར་རིམ་པ་རེ་རེ་བཞིན་བདེ་འཇགས་ལས་ཀའི་འགན་འཁྲི་ལམ་ལུགས་ཀྱི་ཡི་གེ་བཞག་པ་དང་། བདེ་འཇགས་ལས་ཀའི་བབ་བསྟུན་སྔོན་འགོག་གི་འཆར་གཞི་གཏན་འབེབས་བྱས་ནས་ཁྱིམ་སྲུང་བྱིས་པ་ཉེན་མེད་ཡོང་བར་འགན་སྲུང་བྱས་པ་རེད།།
  • ལེ་ཚན་སྔོན་མ།:དྭ་ཕྲུག་ལ་ཁྱིམ་གཞིས་དྲོན་མོ་ཞིག་བསྐྲུན།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་ཀུན་སྤྱོད་དགེ་གཞོལ། ཁྲིམས་སྐྱོང་ལག་ལེན་ཞེས་པའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།