ལིའུ་ཁྲེང་མིང་གིས་དར་མདོ་དང་ལྕགས་ཟམ་རྫོང་དུ་སློབ་གསོ་དང་འཕྲོད་བསྟེན་ལས་ཀར་རྟོག་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2015-08-18

ཟླ་བ8པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔོན་རྗེས་སུ་ཁུལ་སྨན་ཁང་གི་སྨན་བཅོས་ཁང་གཉིས་པ་དང་དར་མདོའི་སློབ་འབྲིང་། གུར་དྲག་སྡེ་ཁུལ་གྱི་ཞག་སྡོད་སློབ་གྲྭ སི་ཁྲོན་མི་རིགས་སློབ་གླིང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ ཁུལ་མཐོ་རིམ་སློབ་འབྲིང་། ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་གྱི་ལྟེ་གནས་འཕྲོད་བསྟེན་ཁང་བཅས་སུ་ཕེབས་ནས་སློབ་གསོ་དང་འཕྲོད་བསྟེན་ལས་ཀར་དམིགས་ནས་རྟོག་ཞིབ་གནང་བ་རེད། ལྕགས་ཟམ་རྫོང་དུ་གྲོས་ཚོགས་འཚོགས་ནས་ཆེད་དོན་སྙན་སེང་ལ་གསན་འཇོག་གནང་བར་མ་ཟད་ཕྱིན་ཆད་ཀྱི་ལས་ཀར་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་སྡེ་ཁག་གིས་བོད་ཁུལ་གྱི་རྩེ་གྲས་དང་མི་དམངས་ཡི་རང་བའི་སློབ་གསོའི་དམིགས་འབེན་ལ་དམིགས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་འབེན་ལས་འགན་དང་བསྡུར་ཏེ་ཧེ་བག་འཚོལ་ཞིང་མི་འདང་སར་ཤུགས་རྒྱག་པ་དང་། བྱེད་ཐབས་བསྣན་ཞིང་འགག་གནད་བསྒྲལ་དགོས་པའི་ཐུགས་རེ་གནང་བ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། སློབ་གསོའི་ལས་ཀའི་ཐད་ལོ་བཅོ་ལྔའི་སློབ་གསོ་ཁྱབ་གདལ་གཏོང་བའི་བླང་བྱ་ལྟར་སློབ་སྔོན་སློབ་གསོ་ཁྱབ་གདལ་འཕེལ་རྒྱས་གཏོང་བ་དང་། འོས་འགན་སློབ་གསོ་དོ་སྙོམས་པོར་འཕེལ་རྒྱས་ཡོང་བ། མཐོ་འབྲིང་སློབ་གསོ་འཕེལ་རྒྱས་མགྱོགས་པོར་ཡོང་བར་སྐུལ་འདེད་གཏང་དགོས། གཅིག་བསྡུས་སློབ་གསོ་གཞི་ཁྱོན་ཅན་དང་སློབ་གྲྭའི་སྡོད་ཁང་ཚད་གཞི་ཅན། ལག་རྩལ་སྒྲིག་ཆས་ཆ་འཕྲིན་ཅན། སློབ་གྲྭའི་དོ་དམ་ཞིབ་ཕྲ་ཅན། དགེ་རྒན་དཔུང་སྡེ་སྤུས་ལེགས་ཅན་བཅས་ཀྱི་བླང་བྱ་ལྟར2020ལོར་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུ་ཆུ་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་སླེབས་ཐུབ་པར་བརྩོན་ལེན་བྱ་དགོས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ལས་ཀའི་ཐད2020ལོར་སྡོད་དམངས་ཀྱི་བདེ་ཐང་འཕྲོད་བསྟེན་ཐོན་ཁུངས་དང་སྤྱི་པའི་འཕྲོད་བསྟེན་ཆ་སྙོམས་ཅན། རིམས་ནད་འགོག་པ་དང་ཚོད་འཛིན་བྱེད་པ་བཅས་ཀྱི་དམིགས་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བའམ་སླེབས་ཐུབ་པར་བྱས་ནས་ནད་ཆུང་གྲོང་སྡེ་བརྒལ་ནས་བཅོས་ས་འགྲོ་མི་དགོས་ཤིང་ནད་ཆེན་ཁུལ་བརྒལ་ནས་བཅོས་ས་འགྲོ་མི་དགོས་པའི་དམིགས་འབེན་ལ་དམིགས་ནས་སྐུལ་འདེད་གཏང་དགོས།
ལིའུ་ཁྲེང་མིང་གིས་མིག་སྔའི་ཁུལ་ཡོངས་ཀྱི་སློབ་གསོ་དང་འཕྲོད་བསྟེན་ལས་ཀ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་བར་གཙོ་བོ་དམིགས་ཤིང་། དབུལ་སྐྱོར་འགག་སྒྲོལ་གྱི་ཆེད་དོན་ལས་གཞི་དང་ཟུང་དུ་འབྲེལ་བ་དང་། ལས་གཞི་འབྲེལ་མཐུད་བྱེད་པའི་ལས་ཀའི་འཆར་འགོད་ཡག་པོ་བཟོས་ཏེ་ལས་གཞི་དེ་བས་མང་པོ་རྒྱལ་ཁབ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་ཚུད་གང་ཐུབ་བྱ་དགོས། ལོ་རེར་སློབ་གསོ་དང་འཕྲོད་བསྟེན་གྱི་གཙོ་གནད་ལས་གཞི་དགོད་རྒྱུ་དེ་ཁུལ་ཨུ་དང་སྲིད་གཞུང་གི་དཔྱད་ཞིབ་ལས་ཀའི་ནང་དོན་གཙོ་བོར་གཞག་དགོས། སློབ་གསོ་དང་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་དཀའ་གནད་ཐད་ལས་འགན་བགོ་བ་དང་འགན་འཁྲི་དོན་ཐོག་འཁྱོལ་བ། འགག་སེལ་གཙོ་བོ་བཅས་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད། །
  • ལེ་ཚན་སྔོན་མ།:གེ་སར་གྱི་ཕ་ཡུལ་དུ་བསྐྱོད་པའི་རྩྭ་ཐང་གི་སྙན་ངག་ཅེས་པའི་བྱེད་སྒོ་གསེར་ཐར་དུ་སྤེལ།
  • ལེ་ཚན་རྗེས་མ།:རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར2.23བཏང་ནས་རང་ཁུལ་གྱི་ཞིང་པའི་འགུལ་འགོག་སྡོད་ཁང་བསྒྱུར་བཀོད་བྱས།
  • དོ་སྣང་ཆེ་བའི་རྩོམ།