དབྱང་དབུགས་མ་འདང་ནའང་སྙིང་སྟོབས་མི་ཉམས། དཀའ་ཚེགས་ཆེ་ནའང་སྡུག་རུས་བརྒྱག་རྒྱུར་མི་སྐྲག་པའི་ལས་ཀ་སྒྲུབ་སེམས་རྒྱུན་འཁྱོངས་བྱས་ཏེ་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱེད་གང་ཐུབ་བྱ་དགོས།

ཡེ་ཤེས་མགོན་པོས་བསྒྱུར།        2016-08-29

ཝང་ཏུང་མིང་གིས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་ཡུལ་དངོས་སུ་ལྟ་སྐུལ་ཁྲིད་སྟོན་གནང་སྐབས།
དབྱང་དབུགས་ཉམས་ན་སྙིང་སྟོབས་མི་ཉམས།དཀའ་ཚེགས་ཆེ་ན་སྡུག་རུས་བརྒྱག་རྒྱུར་མི་སྐྲག་པའི་ལས་ཀ་སྒྲུབ་སེམས་རྒྱུན་འཁྱོངས་བྱས་ཏེ་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱེད་གང་ཐུབ་བྱ་དགོས་ཞེས་གསུངས།
སྤྱི་ཟླ8པའི་ཚེས23ཉིན་ནས25ཉིན་བར།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་ཁྲིད་ནས་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་ཡུལ་དངོས་སུ་ལྟ་སྐུལ་ཁྲིད་སྟོན་གནང་ནས།ཡུལ་དངོས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་ཐར་འགག་སྒྲོལ་གྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་སྔར་ལྷག་གིས་གནད་དོན་རྩད་གཅོད་དང་སྲིད་ཇུས་འཐུས་ཚང་།བྱེད་ཐབས་ཁ་སྐོང་གནང་བ་རེད།དེའི་སྐབས་སུ་ཝང་ཏུང་མིང་གིས་གཙོ་འགན་བཞེས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱི་དབུལ་ཐར་གནད་སྨིན་ལས་ཀར་སླར་ཡང་བཀོད་སྒྲིག་གནང་བ་རེད།
ཝང་ཏུང་མིང་འཁོར་དང་བཅས་པ་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་སྐྱ་གད་ཤང་མི་ཉག་གྲོང་སྡེ་དང་མཐེ་བོ་གྲོང་སྡེ།འགག་པ་ཤང་མགོ་བཏགས་སྨད་པ་གྲོང་སྡེ།གཡག་རྭ་ཤང་གྲོང་འགོ་གྲོང་སྡེ།སྒོ་ལྕགས་གྲོང་རྡལ་ར་འཕེལ་གྲོང་སྡེ།ས་ཧོར་ཤང་རི་ནང་གྲོང་སྡེ་བཅས་སུ་ཕེབས་ནས་ཡུལ་དངོས་སུ་གནད་སྨིན་དྲུག་དང་ཚན་པ་གཅིག་ཅན་ལྔ་སོགས་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་གནང་བ་རེད།ཝང་ཏུང་མིང་གིས་བསྟན་དོན།བོད་ཁུལ་ལ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ།ཐོན་ཁུངས་མངོན་གསལ་དུ་ཁྱད་དུ་འཕགས་པ་ཡིན་ཞིང་།ཐོན་ཁུངས་ཀྱི་ཁྱད་འཕགས་དང་ཐོན་ལས་ཀྱི་རྨང་གཞི།དབུལ་ཕོངས་གནས་ཚུལ་ཡོངས་ཁྱབ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་དགོས།ཞིང་ཆེན་ནང་ཁུལ་གྱིས་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞན་ལས་ཁྱད་དུ་འཕགས་པའི་ཐོན་ཁུངས་ལ་གཡུར་དུ་ཟ་བའི་འབྲས་བུ་ཐོབ་པར་བྱ་དགོས།ཞིང་སྡེ་བཅོས་བསྒྱུར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་གསར་པའི་གཙོ་ཕྱོགས་ཚོང་གཉེར་གསོ་སྐྱོང་དང་ནང་འདྲེན་བྱས་ནས་ནུས་ཤུགས་ཡོད་རྒུས་ནས་དང་ཤ་མོ།གནག་ཕྱུགས་སོགས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་སྣོན་གཏོང་སྟངས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་དགོས།
ཝང་ཏུང་མིང་གིས་ནན་གསུང་གནང་དོན།དབུལ་ཐར་འགག་སྒྲོལ་བྱེད་ཐུབ་པ་བྱས་ཏེ་ཚད་གཞི་མཐོན་པོས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ།ཡག་པོ་བཞིའི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད།དུད་ཚང་རེ་རེ་བཞིན་དབུལ་ཕོངས་འགྱུར་རྐྱེན་ལ་དབྱེ་ཞིབ་དང་གནད་དོན་རེ་རེ་བཞིན་བྱེད་ཐབས་སྤྱོད་སྟངས་སྐོར་ཞིབ་འཇུག་བྱ་དགོས།ཁྱད་པར་དུ་རོགས་སྐྱོར་སྲིད་ཇུས་བཀོལ་སྤྱོད་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྩ་བའི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཐོན་ཁུངས་ཀྱི་དགེ་མཚན་སྙོམས་སྒྲིག་དང་།འབྲེལ་ཡོད་ཀྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག   སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམིགས་བསལ་ཡོད་པའི་སྒོ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།སློབ་གསོ་དང་ལས་ཞུགས།སྨན་བསྟེན་རྒྱུུ་སོགས་ཐད་ཀྱི་དངོས་གནས་དཀའ་ངལ་ཐག་གཅོད་བྱ་དགོས།
ཝང་ཏུང་མིང་གིས་ནན་གསུང་གནང་དོན།དབུལ་ཐར་འགག་སྒྲོལ་བྱེད་ཐུབ་པ་བྱས་ཏེ་ཚད་གཞི་མཐོན་པོས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ། ཡག་པོ་བཞིའི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད། དུད་ཚང་རེ་རེ་བཞིན་དབུལ་ཕོངས་འགྱུར་རྐྱེན་ལ་དབྱེ་ཞིབ་དང་གནད་དོན་རེ་རེ་བཞིན་བྱེད་ཐབས་སྤྱོད་སྟངས་སྐོར་ཞིབ་འཇུག་བྱ་དགོས།ཁྱད་པར་དུ་རོགས་སྐྱོར་སྲིད་ཇུས་བཀོལ་སྤྱོད་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག   བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རྩ་བའི་ལས་ཀ་ཡག་པོ་བསྒྲུབས་ཏེ་ཐོན་ཁུངས་ཀྱི་དགེ་མཚན་སྙོམས་སྒྲིག་དང་། འབྲེལ་ཡོད་ཀྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག   སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དམིགས་བསལ་ཡོད་པའི་སྒོ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས།  སློབ་གསོ་དང་ལས་ཞུགས། སྨན་བསྟེན་རྒྱུ་སོགས་ཀྱི་དངོས་གནས་དཀའ་ངལ་ཐག་གཅོད་བྱ་དགོས།
བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཏུང་མིང་གིས་ནན་གསུང་གནང་དོན།དབུལ་སྐྱོར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བྱས་ཏེ2020ལོར་སླེབས་སྐབས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན་ལ།ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཡུལ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཀྱང་ཡིན། ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཕྱི་སྒྲུབ་པའི་རྩ་བའི་དམིགས་ཡུལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མཚོན་པའང་རེད།རིམ་པ་སོ་སོའི་ལས་བྱེད་པ་ཚོས་སྔར་ལྷག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་དབྱང་དབུགས་མ་འདང་ནངའ་སྙིང་སྟོབས་མི་ཉམས་པ་དང་།དཀའ་ཚེགས་ཆེ་ནའང་སྡུག་རུས་བརྒྱག་རྒྱུར་མི་སྐྲག་པའི་ལས་ཀ་སྒྲུབ་སེམས་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ལྡན་ལས་བརྒལ་བའི་འབད་བརྩོན་དང་དཀའ་ལས་བརྒྱབ་ནས་འགན་འཁུར་ཕོད་པ་དང་རང་ངོས་ཀྱི་ནུས་པ་འདོན་གང་ཐུབ་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་ལས་ཀ་སྤེལ་དགོས།ཁྱད་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྲིད་ཇུས་ལ་གོ་བ་ཟབ་མོ་བླངས་ཏེ་རིགས་སྣ་ཚོགས་ཀྱི་རོགས་སྐྱོར་སྲིད་ཇུས་དང་རྒྱབ་སྐྱོར་བྱེད་ཐབས་ཀྱི་ཕན་ནུས་ཆེས་ཆེན་པོ་འདི་འདོན་སྤེལ་བྱ་དགོས།འཇོན་ནུས་ཐད་ཚུལ་མཐུན་གྱིས་བཀོད་སྒྲིག་བྱས་ནས་ཚན་རིག་དང་མཐུན་པ་བཀོད་གཏོང་བྱས་ཏེ་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་དགོས་ལ་ནང་ཁུལ་གྱི་སྒུལ་ཤུགས་ཀྱང་ཇེ་དྲག་ཏུ་གཏང་དགོས།
ཝང་ཏུང་མིང་གིས་ནན་གསུང་གནང་དོན། དབུལ་སྐྱོར་འགག་སྒྲོལ་བྱ་དགོས་ན་འགངས་ཆེ་ས་ནི་གནད་དུ་འཁེལ་མིན་ལ་ཐུག་པ་དང་རྒྱལ་ཕམ་ཅི་ཡོང་གནད་དུ་འཁེལ་མིན་ལ་ཐུག་པར་བརྟེན།སྔར་ལྷག་གིས་བསམ་བློའི་འདུ་ཤེས་དང་ལས་ཀ་སྒྲུབ་སྟངས་ལེགས་སྒྱུར་བྱས་ཏེ་ཏན་ཏིག་གིས་དབུལ་སྐྱོར་བྱས་ནས་དབུལ་སྐྱོར་བྱ་ཡུལ་གནད་དུ་འཁེལ་བ་དང་།དབུལ་སྐྱོར་ལས་གཞི་གནད་དུ་འཁེལ་བ།མ་དངུལ་བཀོལ་སྤྱོད་གནད་དུ་འཁེལ་བ།དབུལ་སྐྱོར་བྱེད་ཐབས་གནད་དུ་འཁེལ་བ།གྲོང་སྡོད་རོགས་སྐྱོར་གནད་དུ་འཁེལ་བ།དབུལ་ཐར་གྲུབ་འབྲས་གནད་དུ་འཁེལ་བ་བཅས་བྱ་དགོས།
ཝང་ཏུང་མིང་གིས་གསུངས་དོན།བོད་ཁུལ་དབུལ་ཐར་འགག་སྒྲོལ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས།སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཟུང་འབྲེལ་བྱ་རྒྱུར་སྐུལ་སྤེལ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་གྱི་འཐབ་ཇུས་དགོངས་དོན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་ཐར་འགག་སྒྲོལ་གྱི་བཀོད་སྒྲིག་རབ་དང་རིམ་པ།དེ་བཞིན་དུ་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་ལ་ཐུགས་ཁུར་གནང་བ་སོགས་དྲིལ་བསྒྲགས་བྱས་ནས་རྒྱ་ཆེ་བའི་བོད་ཁུལ་མང་ཚོགས་ཚོས་དྲིན་དྲན་མདུན་སྐྱོད་དང་རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ།ལས་སྒྲུབ་ལས་བརྩོན་བྱས་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་པར་སྣེ་ཁྲིད་བྱ་དགོས།།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་སྨན་བཅོས་རོགས་སྐྱོར་བྱ་སྤྱོད་ཀྱི་ལག་བསྟར་འཆར་འགོད་བཏོན་ནས། དབུལ་ཕོངས་མི་འབོར་ཁྲི19.7ལ་སྨན་བཅོས་རོགས་སྐྱོར་ཞབས་ཞུ་བྱ་རྒྱུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་སྨན་བཅོས་རོགས་སྐྱོར་བྱ་སྤྱོད་ཀྱི་ལག་བསྟར་འཆར་འགོད་བཏོན།
  • དོ་སྣང་ཆེ་བའི་རྩོམ།