རང་ཁུལ་གྱིས་གསར་འགོད་པའི་དུས་ཆེན་ལ་འཚམ་འདྲི་འདི་འདྲ་ཞུས།

འདི་ག་གསར་འགོད་པས་བསྒྱུར།        2022-11-08

ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་བྱེད་པར་འཚམ་འདྲི་ཞུ་ཡིག།


གསར་འགྱུར་འཐབ་ཕྱོགས་ཐོག་གི་བློ་མཐུན་རྣམ་པ་ཚོ།

     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་ལེན་བྱེད་པའི་སྐབས་སུ། ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས23པ་བསུ་བ་བྱས་ཤིང་། འདིར་རྒྱ་ཆེའི་གསར་འགྱུར་ལས་ཀ་གཉེར་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ། ཁུལ་ཡོངས་ཀྱི་གསར་འགྱུར་བྱ་གཞག་ལ་བྱས་རྗེས་བཞག་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་ཚོར་གུས་བཀུར་བླ་མེད་ཞུ་རྒྱུ་དང་། དུས་ཡུན་རིང་པོའི་ནང་དཀར་མཛེས་ཀྱི་གསར་འགྱུར་བྱ་གཞག་གོང་འཕེལ་གཏང་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

     བགྲོད་ཟིན་པའི་ལམ་ལ་ཕྱི་མིག་ལྟ་དུས་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཡོད་ལ། ཉེ་བའི་ལོ་ཤས་རིང་། རྒྱ་ཆེའི་གསར་འགྱུར་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཁུལ་ཨུས“གཙོ་རྐང་གཅིག་དང་། ས་ཁུལ་གཉིས་ས་གནས་གསུམ་གཏོད་པ་དང་། སྒུལ་ཤུགས་ཆེན་པོ་བཞི་སྐྱེད་སྲིང་།འཐབ་ཇུས་ཆེན་པོ་ལྔ་ལག་བསྟར”བཅས་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་ཆགས་ཚུལ་མཐའ་འཁྱོངས་ཀྱིས་ཚོགས་འདུ་གལ་ཆེན་དང་། གྲོས་གཞི་གཙོ་བོ། བྱེད་སྒོ་གལ་ཆེན་བཅས་ལ་དམིགས་ཏེ་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་བཤད་དང་། དཀར་མཛེས་ཁུལ་གྱི་སྙིང་གཏམ་བརྒྱུད་བསྒྲགས་བྱེད། དཀར་མཛེས་ཁུལ་གྱི་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་བ་བཅས་བྱས་ཡོད། རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་དོན་དངོས་དང་གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་ནས་སྲིད་སྐྱོང་གནས་ཚུལ་དང་དམངས་ཀྱི་འདུན་མ་བཅས་ཀྱི་ཆེད་དུ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤེལ་བའི་བློ་རིག་གི་གཤོག་ཟུང་བསྩལ་ཡོད། ཁྱེད་ཚོས་བློ་རིག་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་ལེའུ་བྲིས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ་ཕུན་སུམ་ཚོགས་པའི་ངང་ལག་ལེན་བསྟར་ཞིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་མཛེས་སྡུག་གི་རི་མོ་བྲིས་ལ། གཟི་བརྗིད་ལྡན་པའི་གློག་བརྙན་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་འགག་སྒྲོལ་དཀའ་སེལ་དང་། འབད་འབུངས་ཡར་བརྩོན་དང་ངར་ཤུགས་བསྒྲིམས་ཡོད་ལ། ལྷག་དོན་དུ་རིམས་ཚུལ་འགོག་ཟོན་དང“9·5”ལྕགས་ཟམ་ཁའི་ས་འགུལ་གྱི་འགུལ་འགོག་གནོད་སེལ་གྱི་ལས་གྲྭ་དང་པོར་ཁྱེད་ཚོས་བརྙན་ལམ་ནས་དཀར་མཛེས་ཁུལ་གྱི་བུ་ཕྲུག་ཁྲི་བརྒྱ་ཡི་མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་སྒྲིལ། དཀའ་ཁག་མཉམ་སེལ་བཅས་ཀྱི་འགུལ་འགོག་གནོད་སེལ་གྱི་ལས་ཀའི་ཁྲོད་ཁྱེད་ཚོའི་སྙིང་སྟོབས་རླབས་པོ་ཆེ་མཚོན་ཡོད།

     གསར་འགྱུར་དང་དུས་རབས་མཉམ་དུ་བསྐྱོད། འཕྲིན་སྦྱོར་དང་འགན་འཁྲི་མཉམ་དུ་གནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱུང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་པ་དང་། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་ཁྱོན་ཡོངས་ནས་སྐྱོད་འགོ་བཙུགས། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་གསར་འགྱུར་ལས་སྒྲུབ་པ་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་ལག་ལེན་བསྟར་དགོས་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། གཙོ་རྒྱུན་གྱི་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་དར་སྤེལ་ཧུར་ཐག་གཏང་དགོས། ཡང་དག་པའི་གསར་འགྱུར་དང་ཕུགས་འདུན་རྒྱུན་འཁྱོངས་བྱ་དགོས། ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། རང་ངོས་གསར་གཏོད་བྱེད་ཕོད་པ་བྱ་དགོས། ཡང་དག་པའི་ལས་ཀའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་སེམས་པ་མི་དམངས་ལ་བཅངས་ནས་མི་དམངས་ལ་བསྔགས་བརྗོད་བྱས་ཏེ། ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་སྒྲུབ་པ་ཞིག་བྱས་ནས་ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་རྣམ་པ་གསར་པར་ནུས་ཤུགས་ཡོད་རྒུས་གཏོད་པ་དང་།མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་རང་ཉིད་ཀྱིས་བྱས་རྗེས་འཇོག་དགོས།

     ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཐོག་གི་བློ་མཐུན་ཚོར་དུས་ཆེན་བཀྲ་ཤིས་བདེ་ལེགས། བྱ་བ་ལམ་འགྲོ། སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།


    ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་གསར་འགྱུར་ལས་སྒྲུབ་མཐུན་ཚོགས་ནས།

2022ལོའི་ཟླ11པའི་ཚེས8ཉིན།



  • ལེ་ཚན་སྔོན་མ།:ལུའུ་ཧུང་མིང་དྲིན་ཅན་དེའི་ཁྱིམ་མི་དང་འབྲེལ་བ་བྱེད་ཐུབ་སོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།