རྒྱལ་ཡོངས་སྲིད་གྲོས་ཀྱིས་རང་ཁུལ་ལ་ཚན་རྩལ་སྐྱེལ་བའི་བྱེད་སྒོ་སྤེལ།
དངོས་གྲུབ་སྒྲོལ་མས་བསྒྱུར། 2015-09-28
ཟླ་བ9པའི་ཚེས15ནས18ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་ཡ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེང་ཅིན་ཕེ་རྣམ་གཉིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་ཡོད་ཆེད་རམས་པ་སྣེ་ཁྲིད་ནས་རང་ཁུལ་དུ་ཚན་རྩལ་གཞི་རིམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ་བ་རེད།བྱེད་སྒོ་སྤེལ་རིང་ལ། བྱེད་སྒོ་ཚོ་ཆུང་གིས་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་ར་རྔ་ཁའི་བོད་ཡིག་སློབ་འབྲིང་དང་དར་མདོ་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པ། ལྕགས་ཟམ་རྫོང་སློབ་འབྲིང་དང་པོ་བཅས་ཀྱི་ཚན་རྩལ་ཁང་ལ་ལྟ་ཞིབ་གནང་བ་དང་ཚན་རྩལ་གཞི་རིམ་དུ་སྐྱེལ་བའི་འགོ་ཚུགས་མཛད་སྒོ་སྤེལ་བར་མ་ཟད། རོགས་སྐྱོར་བྱས་ནས་འཛུགས་སྐྲུན་བྱས་པའི་ཚན་རྩལ་ཁང་གི་སྒོ་བྱང་འགེལ་བ་དང་ཚན་རྩལ་ཁྱབ་གདལ་གྱི་དཔེ་དེབ་བྱིན་པ་རེད། དར་མདོ་གྲོང་ཁྱེར་གྱི་སློབ་འབྲིང་གསུམ་པ་དང་ལྕགས་ཟམ་སློབ་འབྲིང་དུ་དགེ་སློབ་ཚོར《དེང་རབས་ཀྱི་དམག་འཁྲུག་དང་རྩེ་གྲྭའི་མཚོན་ཆ》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བས་མ་ཚད། ཚན་རྩལ་ཁྱབ་གདལ་སྐོར་གྱི་དྲིལ་བསྒྲགས་དང་ཚན་རྩལ་གྲོས་འདྲིའི་བྱེད་སྒོ་སྤེལ་བ་རེད།།