ཁུལ་ཆུ་དོན་ཅུས་ཀྱི་ལས་བྱེད་པས་ཉེ་བར་བསྒྲིབས་པའི་གྲོང་མི་དང་བསམ་ཚུལ་སྤེལ་རེས་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2015-08-13

ཉེ་ཆར། ཁུལ་ཆུ་དོན་ཅུས་ཀྱི་ལས་སྒྲུབ་ཚོ་ཆུང་ཆ་སྒྲིག་ཉེ་འཚོལ་བྱེད་ཡུལ་སེར་ཤུལ་རྫོང་འབུམ་རྙིང་ཤང་འབུམ་རྙིང་གྲོང་སྡེར་ཕྱིན་ནས་གྲོང་སྡེའི་ཚོ་ཆུང་གི་ལས་བྱེད་པ་དང་གྲོང་མི་འཐུས་མི་འགའ་ཤས་དང་ནན་ཏན་གྱིས་བསམ་ཚུལ་སྤེལ་རེས་བྱས་ཤིང་། བཞུགས་མོལ་སྤེལ་རེས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ལས་སྒྲུབ་ཚོ་ཆུང་གིས་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། གྲོང་མི་རྣམས་ལ་ཉེན་མེད་འཐུང་ཆུ་དང་རྩྭ་ཐང་གི་ཁ་གསབ་སྲིད་ཇུས། གྲོང་ཚོར་འཕྲིན་གཏོང་ཐུབ་པ་སོགས་དམངས་ཕན་སྲིད་ཇུས་མང་པོས་མི་སེར་རྣམས་ལ་ཕན་པ་དང་འགྱུར་ལྡོག་བྱུང་བའི་གནས་ཚུལ་དྲིལ་བསྒྲགས་བཏང་བ་རེད།
བཞུགས་མོལ་མཇུག་རྫོགས་རྗེས། ལས་སྒྲུབ་ཚོ་ཆུང་གིས་གྲོང་མི་ཚོའི་མིག་སྔའི་གྲོང་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་མེད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ལ་དམིགས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཅི་མགྱོགས་གང་མགྱོགས་ཀྱིས་ཐག་གཅོད་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཏུའུ་ཏེ་ཆིན་གྱིས་དཀར་མཛེས་དང་སེར་ཤུལ།སྡེ་དགེ་རྫོང་བཅས་སུ་ཞིང་ལས་དང་ཞིང་སྡེའི་ལས་ཀར་རྟོག་ཞིབ་བྱས།
  • ལེ་ཚན་རྗེས་མ།:ཉི་སྟེན་ལྗོངས་ཁུལ་དུ་ཡུལ་སྐོར་བ་སྔར་ལས་མང་།
  • དོ་སྣང་ཆེ་བའི་རྩོམ།