ཉེ་ཆར། རྙིང་མའི་གདན་སར་ཕེབས་ནས། ཕ་ཤུལ་གྱི་གསང་བ་འཚོལ་ཞིབ་སྟེ2015ལོའི་ཀྲུང་གོའི་དཔལ་ཡུལ་གྱི་ཁམས་པའི་ཁང་ཕྱིའི་ཞིང་ཁམས་ཞེས་པའི་ཚྭ་ཆེན་སུམ་མདོའི་བརྙན་ལེན་འགྲན་བསྡུར་གྱི་ཤེལ་འབྱེད་མཛད་སྒོ་དེ་གཟབ་རྒྱས་ཀྱི་སྒོ་ནས་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་གི་རྒྱུན་ལས། ཁུལ་དཔོན་གཞོན་པ་ཁྲེན་ཀྲུང་དབྱི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཀྲི་མིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥན་ཝིན་ཧྭ་བཅས་མཛད་སྒོར་ཕེབས།
མཛད་སྒོའི་ཐོག CPLགྲོང་ཁྱེར་གྱི་བརྙན་ལེན་མནའ་འབྲེལ་གྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལི་ཏན་དངCPLཀྲུང་གོའི་ཡུལ་སྐོར་བརྙན་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིན་ཀྲེང་ཧྲོའུ་གཉིས་ཀྱིས་དཔལ་ཡུལ་རྫོང་ལ་བྱང་སྦྱིན་མཛད། དེ་དང་མཉམ་དུ་བྲིས་པ་གྲགས་ཅན་ཀུའུ་མིང་ཆིང་གིས་ཡུལ་དངོས་སུ་འགྲན་བསྡུར་ལ་ཕྱག་བྲིས་གནང་བ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བརྙན་ལེན་འགྲན་བསྡུར་ནི་དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་སྐྱེ་དངོས་ཐོན་ཁུངས་དང་ནང་དོན་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ལ་དམིགས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་བསྒྲིགས་ལ་དམ་པོར་འབྲེལ་བ་དང་། དཔལ་ཡུལ་རྫོང་འབྲི་ཆུའི་འབབ་རྒྱུུད་ཀྱི་སྐྱེ་དངོས་རིག་གནས་ཀྱི་ཡུལ་སྐོར་བྱེད་སའི་གནས་མཆོག་ཏུ་བསྐྲུན་པའི་དམིགས་ཡུལ་འགྲུབ་ཆེད་བརྙན་ལེན་འགྲན་བསྡུར་བྱེད་ཐབས་ལ་བརྟེན་ཞིང་པར་ཤེལ་གྱིས་དཔལ་ཡུལ་རྫོང་གི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ངོམས་པའི་ཆེད་དུ་སྤེལ་བ་རེད།
ཐེངས་འདིའི་འགྲན་བསྡུར་གྱི་བརྩམས་ཆོས་བསྡུ་རྒྱུའི་དུས་ཚོད་ནི2015ཟླ་བ7པའི་ཚེས10ནས་2016ལོའི་ཟླ་བ3པའི་ཚེས10ཉིན་བར་ཡིན་ལ། པར་རིས་བརྩམས་ཆོས་རིགས་གཉིས་སུ་ཕྱེ་སྟེ་ཡུལ་ལྗོངས་དང་མི་ཆོས་གཉིས་ཀྱི་སྐོར་ཡིན་ལ། ཁྱོན་བསྡོམས་བྱ་དགའ་མི་འདྲ་བ་རིགས་ལྔ་དབྱེ་བ་དང་། སྡེབ་རྩིས་བྱས་ན་བྱ་དགའི་སྒོར་མོ་ཁྲི20ལ་ཉེ་ཞིང་། དེའི་ནང་ཁྱད་འཕགས་ཀྱི་བྱ་དགར་སྒོར་ཁྲི3ལ་ཟིན་པ་རེད། བརྙན་ལེན་འགྲན་བསྡུར་གྱི་ཤུགས་རྐྱེན་ཇེ་ཆེར་གཏོང་བའི་ཆེད་བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་དྲ་བ་དང་ཁ་པར་ནང་དུ་བརྩམས་ཆོས་ལ་འདེམས་ཤོག་འཕེན་བ་དང་ཆེད་ལས་མི་སྣས་དཔྱད་བསྡུར་བྱ་རྒྱུའི་ལུགས་གཉིས་སྦྲེལ་ཏེ་གདམ་རྒྱུ་ཡིན་ཞིང་། སྔོན་རྩིས་བྱས་ན་སང་ལོའི་ཟླ་བ4པའི་ཟླ་གཞུང་ལ་འགྲན་བསྡུར་གྱི་གནས་ཚུལ་ཁྱབ་བསྒྲགས་དང་བྱ་དགའ་སྤྲད་རྒྱུའི་མཛད་སྒོ་སྤེལ་རྒྱུ་རེད།།