2015-08-03
ཟླ་བ7པའི་ཚེས26ནས27ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་ཏང་ཨུའི་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་དར་མདོ་གྲོང་ཁྱེར་དང་རྟའུ་རྫོང་ལ་ཕེབས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀའི་སྐོར་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཕེབས་རོགས་མཛད་དེ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།ཁོང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་ནན་གསུམ་དྲང་གསུམ་ལག་ལེན་མཐར་ཕྱིན་བྱས་ནས་ལས་ཀ་ཁག་དོན་ཐོག་འཁྱོལ་བ་བྱ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལ་གོ་བ་ཟབ་མོ་ལོན་པ་དང་ལག་ལེན་ཡག་མོ་བྱེད་པ། དོན་འཁྱོལ་ཡག་མོ་བྱེད་པ་དང་། སྤུས་ལེགས་ཤིང་གནད་ལ་འཁེལ་བ་དྲུག་དང་གཅིག་ཅན་ལྔ། འཆར་འགོད་བཅུ་བཅས་ཀྱི་བླང་བྱར་དམ་པོ་དམིགས་ནས་རོགས་སྐྱོར་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་དབུལ་སྐྱོར་གྱི་ནུས་ཤུགས་སྡེབ་སྒྲིག་བྱས་ནས་རྒྱུན་ཆད་མེད་པར་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་རང་ཉིད་འཕེལ་རྒྱས་གཏང་རྒྱུའི་ནུས་པ་མཐོར་འདེགས་གཏོང་ཞིང་དབུལ་བྲལ་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཁྱོན་ཡོངས་ལས་རྒྱལ་ཁ་ཐོབ་གང་ཐུབ་བྱ་དགོས།ལི་ཁྲང་ཕིང་གིས་མཛེས་སྡུག་ལྡན་པའི་གྲོང་གསར་འཛུགས་སྐྲུན་བྱེད་དུས་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་གང་ཡོད་བླངས་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་རྒྱུན་ཆད་མེད་པར་དམངས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་གཏང་དགོས་ཞེས་གསུངས།ཁོང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་ལྟར་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་དེ་དབུལ་བྲལ་ཕྱུག་འགྱུར་བྱས་ཏེ་འབྱོར་འབྲིང་ལ་སྐྱོད་པའི་དཔེ་སྟོན་ཨར་ལས་ཤིག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།ལི་ཁྲང་ཕིང་གིས་ད་དུང་དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་གྱི་རྡོ་རྗེ་བྲག་གྲོང་སྡེའི་གྲོང་ཁུལ་དང་གྲོང་སྡེ་འཕེལ་རྒྱས་བཏང་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁུལ་གྱི་འགོ་ཁྲིད་བྱང་ཆུབ་དང་དབྱང་ཁའེ། ཏུའུ་ཏེ་ཆིང་སོགས་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10