གསེར་ཐར་རྫོང་གིས་རྒྱ་བོད་སྐད་གཉིས་ཀྱི་གཏམ་བཤད་འགྲན་བསྡུར་སྤེལ།

དངོས་སྦྱོང་སློབ་མ་སྐལ་བཟང་ལྷུན་འགྲུབ་ཀྱིས་བསྒྱུར།        2015-07-24

ཉེ་ཆར། གསེར་ཐར་རྫོང་གིས་དྲང་ནུས་གཅིག་བསྡུས་བྱས་ནས་ཐུན་མོང་དུ་གསེར་ཐར་གསར་པ་འཛུགས་སྐྲུན་བྱེད་ཞེས་པ་དེས་བརྗོད་བྱ་གཙོ་བོར་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད།འགྲན་བསྡུར་དེ་བོད་ཡིག་དང་རྒྱ་ཡིག་ཚོ་ཆུང་གཉིས་ལ་བགོས་ཤིང་། བདམས་ཐོན་པ་རྣམས་ཀྱིས་སོ་སོའི་ལས་ཁུངས་ཀྱི་དོན་དངོས་དང་གསེར་ཐར་རྫོང་གི་ལོ་ངོ་དྲུག་ཅུའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས། གསོན་ཉམས་ལྡན་པའི་སྐད་ཆ་དང་སེམས་འགུལ་ཐེབས་པའི་དཔེ་མཚོན་གྱི་ཐོག་ནས་གསེར་ཐར་རྫོང་བཙུགས་ཏེ་ལོ་ངོ60རིང་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་གང་ཐད་ནས་གྲུབ་འབྲས་བཟང་པོ་ཐོབ་པར་བསྟོད་གླུ་ཕུལ་བ་རེད། རྒྱ་ཡིག་ཚོ་ཆུང་གི་འགྲན་ཞུགས་མི་སྣ་ཁྱོན60དང་བོད་ཡིག་ཚོ་ཆུང་གི་འགྲན་ཞུགས་མི་སྣ42ཡོད། འགྲན་བསྡུར་ལ་ལྟད་མོ་ལྟ་མི་ལས་བྱེད་པ་དང་ལས་བཟོ། ཞིང་འབྲོག་མང་ཚོགས་བཅས་ཧ་ལམ་མི1000ཡས་མས་ཤིག་ཡོད། ཛ་དྲག་གི་སྒོ་ནས་འགྲན་རྩོད་བྱས་པར་བརྒྱུད། ཨང་དང་པོའི་བྱ་དགའ་ཐོབ་མཁན2དང་། ཨང་གཉིས་པའི་བྱ་དགའ་ཐོབ་མཁན3ཨང་གསུམ་པའི་བྱ་དགའ་ཐོབ་མཁན5བཅས་བདམས་ཐོན་བྱུང་ནས། ཞིབ་དཔྱད་ཨུ་ལྷན་གྱི་ཁོངས་མིས་བྱ་དགའ་ཐོབ་མཁན་གྱི་བདམས་ཐོན་པ་རྣམས་ལ་དཔང་ཡིག་སྤྲད་པ་རེད།།
  • ལེ་ཚན་སྔོན་མ།:ཀོང་ཏུང་ཞིང་ཆེན་གྱིས་རང་ཁུལ་ལ་མགྲོན་ཁང་ཞབས་ཞུ་མི་སྣ་གསོ་སྦྱོང་བྱེད་པའི་མ་དངུལ་སྤྲད།
  • ལེ་ཚན་རྗེས་མ།:མི་ཉག་མགར་ཐར་རྟ་རྒྱུག་དུས་ཆེན་དགའ་སྤྲོའི་ངང་ནས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།